ཨེཆི་ཊི་ཨེམ་ཨེལ་ ཚགས་མ་དང་འབྲི་ཤོག་ཚུ།

ཁྱོད་ཀྱི་ ཨེཆ་ཊི་ཨེམ་ཨེལ་གྱི་ཡིག་ཆ་ཚུ་ནང་ ཚད་འཛིན་གྱི་ཆ་ཤས་དང་ འབྲི་ཤོག་གི་བྱུང་ལས་ཚུ་ ཆ་མཉམ་ལག་ལེན་འཐབ་བཏུབ། བསྒྱུར་བཅོས་མ་བར་འབད་ཡོད་པའི་ ཚེས་གྲངས་(དཔྱེ་འབད་བ་ཅིན་ ཆེད་དམིགས་ཀྱི་བྱུང་ལས་ཚུ་)ལུ་ གྲངས་མེད་ཀྱི་བྱུང་ལས་ཚུ་འདུག། འདི་ཚུ་གིས་JavaScript གི་དོན་ལུ་ONFOCUS, ONBLUR་སྦེ་དང་ LibreOffice གཞི་རྟེན་གྱི་དོན་ལུ་ SDONFOCUS་དང་ SDONBLUR ་སྦེ་འཕྲོ་མཐུད་དེ་རང་ ནང་འདྲེན་དང་ཕྱིར་འདྲེན་འབད་འོང་།

ཉེན་བྱེད་ཀྱི་ངོས་འདྲ་དང་ལྡན་པའི་ རིགས་བརྒྱུད་ཀྱི་མིང་ཚུ་དང་ བྱུང་ལས་ཀྱི་ཐབས་ལམ་མིང་འདི་ཚུ་ གཞན་བྱུང་ལས་ཀྱི་དོན་ལུ་ ལག་ལེན་འཐབ་ཨིན་: XListener::method་སྦེ་ཐོ་བཀོད་འབད་ཡོད་མི་ བྱུང་ལས་འདི་ དེ་སྦེ་ཕྱི་འདྲེན་འབད་

SDEvent-XListener-method = "/* event-code */"

འ་ནི་གདམ་ཁ་འདི་གི་ ཨེགསི་ཉེན་བྱེད་དང་-ཐབས་ལམ་ཆ་ཤས་འདི་ཚུ་ ཡི་གུ་ཚོར་ཅན་ཨིནམ་སེམས་ཁར་བཞག

ཚད་འཛིན་གྱི་ལེགས་སྐྱོང་འཐབ་མི་ བྱུང་ལས་འདི་ཚུ་ LibreOffice ཨེ་པི་ཨའི་ ལག་ལེན་འཐབ་ཐོག་ལས་ ལས་འགན་འགྲུབ་ཨིན། ཁྱོད་ཀྱི་བྱུང་ལས་ཅིག་ ཚད་འཛིན་ཅིག་ལུ་ འགན་སྤྲོད་འབད་བ་ཅིན་ དངོས་པ་འདི་གིས་ ཁོ་རང་ ནང་འཁོད་ལས་ དམིགས་བསལ་གྱི་ ཚད་འཛིན་བྱུང་ལས་ཅིག་གི་དོན་ལུ་ "Listener"སྦེ་ ཐོ་བཀོད་འབདཝ་ཨིན། འདི་འབད་ནི་ལུ་ དངོས་པོ་འདི་གིས་ དམིགས་བསལ་གྱི་ངོས་འདྲ་བ་ཅིག་ ལག་ལེན་འཐབ་དགོ་ དཔྱེ་འབད་བ་ཅིན་ XFocusListener ་ངོས་འདྲ་བ་བཟུམ་ འདི་འབདཝ་ལས་ འདི་གིས་ ཆེད་དམིགས་ཀྱི་བྱུང་ལས་ལུ་ གདོང་ལེན་འབད་འོང་། བྱུང་ལས་འདི་བྱུང་པའི་སྐབས ཚད་འཛིན་འདི་ལུ་ཆེད་དམིགས་དེ་ འཐོབ་ད་ ཚད་འཛིན་འདི་གིས་དེ་ལས་ ཉེན་བྱེད་ངོས་འདྲ་བའི་ དམིགས་བསལ་གྱི་ ཐབས་ལམ་འདི་ཚུ་ ལས་བཀོལ་འབདཝ་ཨིན། ནང་འཁོད་ལུ་ ཐོ་བཀོད་འབད་ཡོད་མི་ དངོས་པོ་འདི་གིས་ བྱུང་ལས་ལུ་འགན་སྤྲོད་འབད་ཡོད་པའི་ javaScript་ཡང་ན་ LibreOfficeགི་ཨང་རྟགས་འདི་ དེ་ལས་ ལས་བཀོལ་འབདཝ་ཨིན།

ད་འབདན་ ཨེཆ་ཊི་ཨེམ་ཨེལ་ ཚགས་མ་འདི་གིས་ ཁོང་རའི་དང་འདོད་བཟུམ་སྦེ་རང་ བྱུང་ལས་འདི་ཚུ་ ནང་འདྲེད་དང་ ཕྱིར་འདྲེན་འབད་བཏུབ་ནི་ལུ་ འ་ནཱི་ཉེན་བྱེད་ངོས་འདྲ་བ་དང་ ཐབས་ལམ་གྱི་མིང་འདི་ཚུ་ ཀྲིག་ཀྲི་སྦེ་ལག་ལེན་འཐབ་ཨིན། ཁྱོད་ཀྱི་ཆེད་དམིགས་ཀྱི་བྱུང་ལས་འདི་ དེ་ལས་བརྒྱུད་དེ་ཐོ་བཀོད་འབད།

<INPUT TYPE=text ONFOCUS="/* code */"

མ་བརྒྱུད་པར།

<INPUT TYPE=text SDEvent-XFocusListener-focusGained="/* code */"

ཐོ་འགོད། འདི་འབདཝ་ལས་བྱུང་ལས་འདི་ཚུ་ ཐོ་བཀོད་ཀྱི་སྒྲོམ་ཚུ་ནང་ མ་བྱིན་མི་ཚུ་ གྲངས་སུ་བཙུགས་སྟེ་ འདོད་པ་བསྐྱེད་དོ་བཟུམ་སྦེ་རང་ ཐོ་བཀོད་འབད་བཏུབ་ཨིན། བྱུང་ལས་ཀྱི་ཡིག་ཚུགས་ སྐད་ཡིག་འདི་ཚུ་ ངེས་འཛིན་འབད་ནི་ལུ་ ཁྱོད་ཀྱི་ཐོག་གི་གྲལ་ཐིག་ཚུ་ ཡིག་ཆ་གི་མགོ་ཡིག་ནང་ འབྲི་བཏུབ་:

<META HTTP-EQUIV="content-script-type" CONTENT="...">

ནང་དོན་བཟུམ་ཅིག་སྦེ་ དཔྱེ་འབད་བ་ཅིན་ LibreOfficeགཞི་རྟེན་གྱི་དོན་ལུ་ "text/x-StarBasic" དང་ ཡང་ན་ ཇ་བཱ་ཡིག་ཚུགས་ཀྱི་དོན་ལུ་ "text/JavaScript" འདི་ལག་ལེན་འཐབ་བཏུབ། ཐོ་བཀོད་ཚུ་མ་བཟོ་བ་ཅིན་ ཇ་བ་ཡིག་ཚུག་འདི་ བསམ་བཞགཔ་ཨིན།

ཕྱི་འདྲེན་འབད་བའི་སྐབས་ སྔོན་སྒྲིག་ཡིག་ཚུགས་ཀྱི་ སྐད་ཡིད་འདི་ཚུ་ མེཀ་རོ་འཛིན་སྐྱོང་ནང་ ཐོབ་མི་ཚད་གཞི་དང་པམ་ལུ་ གཞི་བཞག་སྟེ་ ངེས་འཛིན་འབད་འོང་། བྱུང་ལས་ཚུ་གི་དོན་ལུ་ ཡིག་ཆ་རེ་རེ་ལུ་ སྐད་ཡིག་གཅིག་རྐྱངམ་གཅིག་ ལག་ལེན་འཐབ་བཏུབ་ཨིན།

Please support us!