ཡོངས་ཁྱབ་

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

Open context menu of a selected form element - choose Form Properties - General tab.

Open Form Design toolbar, click Form Properties icon - General tab.


འབྲི་ཤོག་ཟེར་མི་འདི་ འབྲི་ཤོག་ཚད་འཛིན་ཚུ་ སོ་སོ་སྦེ་ཡོད་མི་ ཚིག་ཡིག་གི་ཡིག་ཆ་དང་ ཡང་ན་ ཤོག་ཁྲམ་ཅིག་ཨིན། ཁྱོད་ཀྱི་ ཝེབ་ཤོག་ལེབ་ཀྱི་དོན་ལུ་ འབྲི་ཤོག་ཅིག་གསར་བསྐྲུན་འབད་བ་ཅིན་ ཨིན་ཊར་ནེཊི་ནང་ལུ་ བཏང་ནི་ལུ་ ལག་ལེན་པ་འདི་གིས་ འདི་ནང་ལུ་ གནད་སྡུད་ཅིག་ཐོ་བཀོད་འབད་བཏུབ། གནད་སྡུད་ཀྱི་འབྲི་ཤོག་དང་ འབྲི་ཤོག་གི་འབྲི་ཤོག་ཚད་འཛིན་འདི་ཚུ་ ཡུ་ཨར་ཨེལ་ཅིག་ གསལ་བཀོད་འབད་ཐོག་ལས་ སར་བར་ནང་ལུ་ སྤོ་བཤུད་འབད་བཏུབ་ཨིནམ་དང་ སར་བར་ནང་ལུ་ ལས་སྦྱོར་འབད་བཏུབ་ཨིན།

མིང་།

འབྲི་ཤོག་གི་དོན་ལུ་ མིང་འདི་གསལ་བཀོད་འབདཝ་ཨིན། འ་ནི་མིང་འདི་འབྲི་ཤོག་འགྲུལ་བསྐྱོདཔ་ནང་ལུ་ འབྲི་ཤོག་འདི་ ངོས་འཛིན་འབད་ནི་ལུ་ ལག་ལེན་འཐབ་ཨིན།

ཡུ་ཨར་ཨེལ།

མཇུག་བསྡུ་ཡོད་པའི་ འབྲི་ཤོག་གི་ གནད་སྡུད་ག་འདི་ སྤོ་བཤུད་འབད་ནི་ཨིན་མི་ ཡུ་ཨར་ཨེལ་འདི་ གསལ་བཀོད་འབདཝ་ཨིན།

གཞི་ཁྲམ།

མངོན་གསལ་འབད་ཡོད་པའི་ ཡུ་ཨར་ཨེལ་འདི་ འབྱུང་ནི་ཨིན་པའི་ དམིགས་གཏད་གཞི་ཁྲམ་འདི་ ངེས་འཛིན་འབདཝ་ཨིན།

ཁྱོད་ཀྱི་ས་སྒོ་འདི་ཞིབ་དཔྱད་འབད་བ་ཅིན་ གཞི་ཁྲམ་ག་ཅི་ནང་ཡིག་ཆ་གཞན་མི་འདི་མངོན་གསལ་འབད་དགོཔ་ཨིན་ན་ གསལ་བཀོད་འབད་མི་ཐོ་ཡིག་འདི་ནང་ལས་ ཁྱོད་ཀྱི་གདམ་ཁ་ཅིག་སེལ་འཐུ་འབད་བཏུབ། འོག་གི་སྲིད་པ་འདི་ཚུ་ཕྱིར་འཐོན་འབད:

ཐོ་བཀོད།

དོན་དག

_blank

ཤུལ་མའི་ཡིག་ཆ་འདི་ གཞི་ཁྲམ་སྟོངམ་གསརཔ་ཅིག་ནང་ལུ་ གསར་བསྐྲུན་འབད་དེ་ཡོད།

_parent

ཤུལ་མའི་ཡིག་ཆ་འདི་ རྩ་ལག་གཞི་ཁྲམ་ནང་ལུ་གསར་བསྐྲུན་འབད་དེ་ཡོད། རྩ་ལག་འདི་གནས་དེ་མེད་པ་ཅིན་ ཡིག་ཆ་འདི་གཞི་ཁྲམ་གཅིག་པ་གི་ནང་ལུ་ གསར་བསྐྲུན་འབདཝ་ཨིན།

_self

ཤུལ་མའི་ཡིག་ཆ་འདི་ གཞི་ཁྲམ་གཅིག་པ་གི་ནང་ལུ་ གསར་བསྐྲུན་འབད་དེ་ཡོད།

_top

ཡིག་ཆ་གཞན་མི་འདི་ ཆེ་རིམ་ཝིན་ཌོ་ནང་ལུ་གསར་བསྐྲུན་འབད་ཡོདཔ་ཨིན་ འདི་ཡང་སྡེ་རིམ་གྱི་གཞི་ཁྲམ་མཐོ་ཤོས་འདི་ནང་ཨིན་ ད་ལྟོའི་གཞི་ཁྲམ་འདི་ཧེ་མ་ལས་རང་ མགོའི་ཝིན་ཌོ་ཨིན་པ་ཅིན་ ཡིག་ཆ་འདི་ཚུ་ད་ལྟོའི་གཞི་ཁྲམ་ནང་ལུ་ གསར་བསྐྲུན་འབདཝ་ཨིན།


ཞུ་འབུལ་གྱི་དབྱེ་བ།

མཇུག་བསྡུ་ཡོད་པའི་ འབྲི་ཤོག་གི་བརྡ་དོན་འདི་ གནས་སོར་འབད་ནི་ལུ་ ཐབས་ལམ་འདི་གསལ་བཀོད་འབདཝ་ཨིན།

"ལེན་"་ ཐབས་ལམ་འདི་ལག་ལེན་འཐབ་ཐོག་ལས་ ཚད་འཛིན་རེ་རེ་བཞིན་གྱི་གནད་སྡུད་དེ་ མཐའ་འཁོར་འགྱུར་ཅན་སྦེ་ སྤོ་བཤུད་འབདཝ་ཨིན། འདི་ཚུ་ འབྲི་ཤོག་ནང་ ཡུ་ཨར་ཨེལ་ལུ་ མཇུག་སྣོན་འབདཝ་ཨིན།"?Control1=Content1&Control2=Content2&..."; ཡིག་འབྲུ་གི་ ཡིག་རྒྱུན་དེ་ ལེན་མི་གི་སར་བར་ནང་ ལས་རིམ་གྱི་ཐོག་ལས་ བརྟག་དཔྱད་འབདཝ་ཨིན།

"Post" ཐབས་ལམ་ལག་ལེན་འཐབ་པ་ཅིན་ གསལ་བཀོད་འབད་ཡོད་པའི་ཡུ་ཨར་ཨེལ་ལུ་སྟང་ཡོད་པའི་རྣམ་པ་ལས་ ཡིག་ཆ་འདི་གསར་བསྐྲུན་འབད་ཡོདཔ་ཨིན།

ཞུ་འབུལ་འདི་ཨིན་ཀོ་ཌིང་།

གནད་སྡུད་གནས་སོར་ཨིན་ཀོ་ཌིང་འབད་ནི་དོན་ལུ་ དབྱེ་བ་འདི་གསལ་བཀོད་འབདཝ་ཨིན།

ཚད་འཛིན་བརྡ་དོན་གྱི་གནད་སྡུད་གནས་སོར།

འབྲི་ཤོག་ཅིག་གཏངམ་ད་ LibreOffice ནང་ལུ་ འཐོབ་ཚུགས་ཡོད་པའི་ ཚད་འཛིན་འདི་ཚུ་ ཆ་འཇོག་འབད་བཞགཔ་ཨིན། ཚད་འཛིན་གྱི་མིང་དང་ ཆ་མཉམ་པའི་གནས་གོང་འཐོབ་ཚུགསཔ་པ་ཅིན་ སྤོ་བཤུད་འབདཝ་ཨིན།

ཡི་གུ་ནང་རེ་རེ་བཞིན་ནང་ གནས་གོང་ག་ སྤོ་བཤུད་འབད་ཡོད་མི་འདི་ཚུ་ རང་སོའི་ཚད་འཛིན་ལུ་བརྟེནམ་ཨིན། ཚིག་ཡིག་ས་སྒོ་ཚུ་གི་དོན་ལུ་ མཐོང་ཚུགས་པའི་ཧྲིལ་བུ་འདི་ཚུ་ ཆ་མཉམ་སྤོ་བཤུད་འབད་ཡོད་ ཐོ་ཡིག་སྒྲོམ་གི་དོན་ལུ་ སེལ་འཐུ་གྲུབ་ཡོད་པའི་ ཧྲིལ་བུ་ཚུ་ཆ་མཉམ་ སྤོ་བཤུད་འབད་ཡོད་ དཔྱད་སྒྲོམ་དང་ གདམ་ཁ་ས་སྒོ་ཚུ་གི་དོན་ལུ་ འ་ནི་ས་སྒོ་འདི་ཚུ་ཤུགས་ལྡན་བཟོ་ཡོད་པ་ཅིན་ འབྲེལ་བ་ཡོད་པའི་ གཞི་བསྟུན་གནས་གོང་ཚུ་ སྤོ་བཤུད་འབདཝ་ཨིན།

འ་ནི་བརྡ་དོན་འདི་ ག་དེ་སྦེ་སྤོ་བཤུད་འབད་དགོཔ་ཨིན་ན་འདི་ སེལ་འཐུ་གྲུབ་ཡོད་པའི་གནས་སོར་ཐབས་ལམ་(ལེན་ ཡང་ན་ གནས་བསྐྱོད་)དང་ ཀོ་ཌིང་ (ཡུ་ཨར་ཨེལ་ ཡང་ན་ སྣ་མང་ཡན་ལག་)ལུ་རག་ལསཔ་ཨིན། ལེན་ནིའི་ཐབས་ལམ་དང་ ཡུ་ཨར་ཨེལ་ཨིན་ཀོ་ཌིང་་དེ་ སེལ་འཐུ་འབད་ཡོད་པ་ཅིན་ དཔེར་ན་ འབྲི་ཤོག་ནང་གི་=གནས་གོང་ཟུང་ལྡན་འདི་ཚུ་ གཏངམ་ཨིན།

ཨེཆ་ཊི་ཨེམ་ཨེལ་ནང་ ངོས་འཛིན་འབད་ཡོད་པའི་ ཚད་འཛིན་ཚུ་ལུ་ ཁ་སྐོངས་འབད་ LibreOffice འདི་གིས་ གཞན་ཚད་འཛིན་ཚུ་བྱིནམ་ཨིན། དམིགས་བསལ་ཨང་གྲངས་ཀྱི་རྩ་སྒྲིག་དང་བཅས་པའི་ ས་སྒོ་ཚུ་གི་དོན་ལུ་ མཐོང་ཚུགས་པའི་གནས་གོང་ཚུ་ སྤོ་བཤུད་མི་འབད་ འདི་འབདཝ་ད་ གཏན་བཟོས་སྔོན་སྒྲིག་གི་རྩ་སྒྲིག་འདི་ཚུ་ སྤོ་བཤུད་འབདཝ་ཨིནམ་སེམས་གར་བཞག་དགོཔ་དེ་ གལ་ཆེཝ་ཨིན། འོག་གི་ཐིག་ཁྲམ་འདི་གིས་ LibreOffice་དམིགས་བསལ་ཚད་འཛིན་འདི་གི་གནད་སྡུད་འདི་ ག་དེ་སྦེ་ སྤོ་བཤུད་འབདཝ་ཨིན་ན་ སྟོནམ་ཨིན:

ཚད་འཛིན།

གནད་གོང་ཟུང་།

ཨང་གྲངས་ས་སྒོ་ ད་ལྟོའི་ས་སྒོ།

བཅུ་ཚག་གི་དབྱེ་བྱེད་འདི་ཨ་རྟག་རང་ དུས་ཡུན་འབད་བཀྲམ་སྟོན་འབདཝ་ཨིན།

ཚེས་གྲངས་ཀྱི་ས་སྒོ།

ལག་ལེན་པའི་ཉེ་གནས་སྒྲིག་གཏང་གི་ གཏན་བཟོས་རྩ་སྒྲིག་ (MM-DD-YYYY)དབྱེ་བ་མེད་མི་ནང་ལུ་ ཚེས་གྲངས་ཀྱི་རྩ་སྒྲིག་འདི་སྟང་ཡོདཔ་ཨིན།

ཆུ་ཚོད་ཀྱི་ས་སྒོ།

ལག་ལེན་པའི་ཉེ་གནས་ཀྱི་སྒྲིག་གཏང་གི་ གཏན་བཟོས་རྩ་སྒྲིག་(HH:MM:SS)དབྱེ་བ་མེད་མི་ནང་ལུ་ ཆུ་ཚོད་རྩ་སྒྲིག་འདི་སྟང་ཡོད།

དཔེ་གཞི་ས་སྒོ།

དཔེ་གཞི་ས་སྒོ་གི་ གནས་གོང་ཚུ་ ཚིག་ཡིག་གི་ས་སྒོ་སྦེ་བཏང་ཡོད་ འ་ནི་འདི་ འབྲི་ཤོག་ནང་ མཐོང་ཚུགས་པའི་གནས་གོང་འདི་གཏང་ཡོད།

ཐིག་ཁྲམ་ཚད་འཛིན།

ཐིག་ཁྲམ་ཚད་འཛིན་ནང་ལས་ ངོ་རྐྱང་ཀེར་་ཐིག་ཚུ་ ཨ་རྟག་རང་ སྤོ་བཤུད་འབདཝ་ཨིན། ཚད་འཛིན་གྱི་མིང་དང་ ཀེར་ཐིག་གི་མིང་ དེ་ལས་ ཀེར་ཐིག་གི་གནས་གོང་འདི་ཚུ་ གཏངམ་ཨིན། ཡུ་ཨར་ཨེལ་ ཨིན་ཀོ་ཊིང་འདི་དང་གཅིག་ཁར་ ལེན་ནིའི་ཐབས་ལམ་དེ་ལག་ལེན་འཐབ་ཐོག་ལས་ འབྲི་ཤོག་ནང་ སྤེལ་བཀྲམ་འདི་འབདཝ་ཨིན།=་དཔེར་ན་ ཀེར་ཐིག་གུར་ གནས་གོང་་དང་གཅིག་ཁར་ བརྟེན་པ་ལས་བརྟེན་ཨིན།


Please support us!