LibreOffice 25.2 Help
ཁྱོད་ཀྱིས་ཡིག་དཔར་བརྐྱབ་པའི་བསྒང་ འཕྲལ་འཕྲལ་འབྱུང་མི་མིང་ཚིག་ཚུ་གི་དོན་ལུ་ གདམ་ཁ་ཚུ་གཞི་སྒྲིག་འབད།
གསོག་འཇོག་འབད་བཞག་ཡོད་པའི་མིང་ཚིག་ཅིག་གི་ དང་པའི་ཡིག་གུ་གསུམ་པ་འདི་ལུ་མཐུན་མི་ཡིག་གུ་ཚུ་ ཁྱོད་ཀྱིས་ཡིག་དཔར་བརྐྱབ་པའི་ཤུལ་ལས་ འཕྲལ་འཕྲལ་ལག་ལེན་འཐབ་པའི་མིང་ཚིག་དང་ རང་བཞིན་གྱིས་མཇུག་བསྡུ་ཡོད་པའི་མིང་ཚིག་ཅིག་ གསོག་འཇོག་འབདཝ་ཨིན།
མིང་ཚིག་གི་ཤུལ་ལས་ཡིག་རྟགས་འདི་ཁ་སྐོང་མ་བརྐྱབ་པ་ཅིན་ LibreOffice གིས་བར་སྟོང་ཅིག་ཁ་སྐོང་བརྐྱབ་ཨིན། ཁྱོད་ཀྱིས་ ཤུལ་མའི་མིང་ཚིག་ཡིག་དཔར་བརྐྱབ་ནི་འགོ་བཙུགསཔ་ཅིག་ བར་སྟོང་འདི་ཁ་སྐོང་བརྐྱབ་ཡོད།
མཇུག་བསྡུ་ཡོད་པའི་མིང་ཚིག་འདི་ གྲོགས་རམ་ཕན་བསླབ་འབད་བཀྲམ་སྟོན་འབདཝ་ཨིན།
འཕྲལ་འཕྲལ་ལག་ལེན་འཐབ་ཡོད་པའི་མིང་ཚིག་ཚུ་ ཐོ་ཡིག་གཅིག་ལུ་ཁ་སྐོང་བརྐྱབ་ཨིན། མིང་ཚིག་འདི་ མིང་ཚིག་མཇུག་བསྡུའི་ཐོ་ཡིག་ལས་རྩ་བསྐྲད་གཏང་ནི་དོན་ལུ་ མིང་ཚིག་ཅིག་སེལ་འཐུ་འབད་ནི་དང་ དེ་ལས་ ཐོ་བཀོད་བཏོན་གཏང་ཨེབ་གཏང་འབད།
When enabled, the list gets cleared when closing the current document. When disabled, makes the current Word Completion list available to other documents after you close the current document. The list remains available until you exit LibreOffice.
ཁྱོད་ཀྱིས་ རང་བཞིན་གྱི་མིང་ཚིག་ཡོངས་སྒྲུབ་འདི་ དང་ལེན་འབད་ནི་ལུ་ལག་ལེན་འཐབ་ནི་ཨིན་པའི་ ལྡེ་མིག་འདི་ སེལ་འཐུ་འབད།
མིང་ཚིག་ཡོངས་སྒྲུབ་འདི་ཁ་མི་བཟེད་ནི་དོན་ལུ་ ཨི་ཨེསི་སི་འདི་ཨེབ།
མིང་ཚིག་ཡོངས་སྒྲུབ་ཁྱད་རྣམ་གྱི་དོན་ལུ་ མིང་ཚིག་འདི་ ལྕོགས་ཅན་བཟོ་ནི་དོན་ལུ་ མིང་ཚིག་རིང་ཚད་ཉུང་མཐའ་འདི་ཐོ་བཀོད་འབད།
མིང་ཚིག་ཡོངས་སྒྲུབ་ཐོ་ཡིག་ནང་ ཁྱོད་ཀྱིས་གསོག་འཇོག་འབད་བཞག་ནི་དོན་ལུ་ མིང་ཚིག་གི་ཨང་གྲངས་མང་མཐའ་འདི་ ཐོ་བཀོད་འབད།
བསྡུ་ལེན་འབད་ཡོད་པའི་མིང་ཚིག་འདི་ཐོ་ཡིག་བརྐྱབ་ཨིན། ཁྱོད་ཀྱིས་ད་ལྟོའི་ལཱ་ཡུན་འདི་ཁ་མ་བསྡམས་ཚུན་ཚོད་ ཐོ་ཡིག་འདི་ནུས་ཅན་ཡོད། ད་ལྟོའི་ལཱ་ཡུན་ནང་ལུ་ ཐོ་ཡིག་འདི་ ཡིགཆ་གཞན་མི་ལུ་འཐོབ་ཚུགས་བཟོ་ནི་དོན་ལུ་ ཡིག་ཆ་འདི་ཁ་བསྡམས་པའི་བསྒང་ "སེལ་འཐུ་འབད་ནི་དང་ ཡི་གཆ་གཞན་མི་ནང་ལུ་ ཤུལ་མ་ལག་ལེན་འཐབ་ནི་དོན་ལུ་ ཐོ་ཡིག་འདི་སྲུངས་བཞག".
རང་བཞིན་གྱི་སྡེབ་དཔྱད་འདི་ལྕོགས་ཅན་བཟོ་བ་ཅིན་ སྡེབ་དཔྱད་འབདཝ་ད་ངེས་འཛིན་འབད་ཡོད་པའི་ མིང་ཚིག་གིས་རྐྱངམ་ཅིག་ བསྡུ་ལེན་འབདཝ་ཨིན།
སེལ་འཐུ་འབད་ཡོད་པའི་མིང་ཚིག་ ཡངན་ མིང་ཚིག་ཡོངས་སྒྲུབ་ཐོ་ཡིག་ལས་མིང་ཚིག་ཚུ་ རྩ་བསྐྲད་གཏངམ་ཨིན།