བགོ་བཀྲམ་འབད་ནི།

ཐད་སྙོམས་ཚད་ཐིག་དང་ཀེར་ཕྲང་ཚད་ཐིག་བདའ་སྟེ་ སེལ་འཐུ་འབད་ཡོད་པའི་དངོས་པོ་ གསུམ་ཡང་ན་མངམ་བཀྲམ་སྤེལ་འབདཝ་ཨིན། ཁྱོད་ཀྱིས་དངོས་པོ་ཚུ་གི་བར་ན་ བར་སྟོང་བཞག་ཐང་འདི་ཡང་བཀྲམ་སྟོན་འབད་ཚུགས།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

Choose Shape - Distribution (LibreOffice Draw).

Open context menu - choose Distribution (LibreOffice Impress).


དངོས་པོ་ཚུ་ ཕྱི་མཐའི་དངོས་པོ་ཚུ་ལུ་བརྟེན་ སེལ་འཐུ་ནང་ལུ་ བཀྲམ་སྟོན་འབད་ཡོད།

ཐད་སྙོམས་འབད།

སེལ་འཐུའབད་ཡོད་པའི་དངོས་པོ་གི་དོན་ལུ་ ཐད་སྙོམས་བཀྲམ་སྤེལ་འདི་གསལ་བཀོད་འབད།

ཅི་མེད།

དངོས་པོ་ཚུ་ཐད་སྙོམས་འབད་བཀྲམ་སྤེལ་འབད་ནི་མེད།

གཡོན།

སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་བཀྲམ་སྤེལ་འབདཝ་ཨིན་ དེ་འབད་བ་ཅིན་ དངོས་པོ་གི་གཡོན་གྱི་མཐའམ་ཚུ་ གཅིག་ལས་གཅིག་ལུ་བར་སྟོང་བཞག་ཚུགསཔ་ཨིན།

དབུས།

སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་ བཀྲམ་སྤེལ་འབདཝ་ཨིན་ དེ་འབད་བ་ཅིན་ དངོས་པོ་གི་ཐད་སྙོམས་དབུས་ཚུ་ གཅིག་ལས་གཅིག་ལུ་བར་སྟོང་བཞག་ཡོད།

བར་སྟོང་བཞག་ཐང་།

སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་ཐད་སྙོམས་འབད་བཀྲམ་སྤེལ་འབདཝ་ཨིན་ དེ་འབད་བ་ཅིན་ དངོས་པོ་ཚུ་གཅིག་ལས་གཅིག་ལུ་ ཆ་མཉམ་འབད་བར་སྟོང་བཞག་བཏུབ་ཨིན།

གཡས།

སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་བཀྲམ་སྤེལ་འབདཝ་ཨིན་ དེ་འབད་བ་ཅིན་ དངོས་པོ་གི་གཡས་མཐའམ་ཚུ་ ཆ་མཉམ་འབད་གཅིག་ལས་གཅིག་ལུ་བར་སྟོང་བཞག་བཏུབ་ཨིན།

ཀེར་ཕྲང་འབད།

སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་གི་དོན་ལུ་ ཀེར་ཕྲང་གི་བཀྲམ་སྤེལ་འདི་གསལ་བཀོད་འབད།

ཅི་མེད།

དངོས་པོ་ཚུ་ཀེར་ཕྲང་འབད་བཀྲམ་སྤེལ་འབད་ནི་མེད།

མགོ།

སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་བཀྲམ་སྤེལ་འབདཝ་ཨིན་ དེ་འབད་བ་ཅིན་ དངོས་པོ་གི་མགོའི་མཐའམ་ཚུ་ཆ་མཉམ་འབད་ གཅིག་ལས་གཅིག་ལུ་བར་སྟོང་བཞགཔ་ཨིན།

དབུས།

སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་བཀྲམ་སྤེལ་འབདཝ་ཨིན་ དེ་འབད་བ་ཅིན་ དངོས་པོ་ཚུ་གི་ཀེར་ཕྲང་དབུས་ཚུ་ ཆ་མཉམ་འབད་གཅིག་ལས་གཅིག་ལུ་བར་སྟོང་བཞག་བཏུབ་ཨིན།

བར་སྟོང་བཞག་ཐང་།

སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་ཀེར་ཕྲང་འབད་བཀྲམ་སྤེལ་འབདཝ་ཨིན་ དེ་འབད་བ་ཅིན་ དངོས་པོ་ཚུ་ཆ་མཉམ་འབད་ གཅིག་ལས་གཅིག་ལུ་བར་སྟོང་བཞག་བཏུབ་ཨིན།s

མཇུག།

སེལ་འཐུ་འབད་ཡོད་པའི་དངོས་པོ་ཚུ་བཀྲམ་སྤེལ་འབདཝ་ཨིན་ དེ་འབད་བ་ཅིན་ དངོས་པོ་གི་མཇུག་གི་མཐའམ་ཚུ་ ཆ་མཉམ་འབད་གཅིག་གི་གཅིག་ལུ་བར་སྟོང་བཞག་བཏུབ་ཨིན།

Please support us!