LibreOffice 24.8 Help
ཁྱོད་ཀྱི་སེལ་འཐུ་གྲུབ་པའི་ དངོས་པོ་ལུ་ འཇུག་སྤྱོད་འབད་མི་ བཀང་ནི་གི་དོན་ལུ་ དྭངས་གསལ་གྱི་གདམ་ཁ་དེ་ཚུ་ གཞི་སྒྲིག་འབདཝ་ཨིན།
ཁྱོད་ཀྱིས་འཇུག་སྤྱོད་འབད་དགོ་པའི་ དྭངས་གསལ་ཅན་གྱི་དབྱེ་བ་ཚུ་གསལ་བཀོད་འབད།
ཚོས་གཞི་དྭངས་གསལ་ཅན་ལུ་འགྱུརཝ་ཨིན། དེ་ སྔོན་སྒྲིག་སྒྲིག་སྟངས་ཨིན།
དྭངས་གསལ་ཅན་ལུ་འགྱུརཝ་ཨིན། གདམ་ཁ་འདི་སེལ་འཐུ་འབད་བཞིནམ་ལས་ ཨང་གྲངས་འདི་ ༠% འདི་ཆ་ཚང་དྭངས་སྒྲིབ་ཅན་དང་ ༡༠༠%འདི་ ཆ་ཚང་དྭངས་གསལ་ཅན་འབད་ཡོད་མི་ སྒྲོམ་གྱི་ནང་ལུ་ཐོ་བཀོད་འབད།
ད་ལྟོའི་བཀང་བའི་ཚོས་གཞི་གི་དྭངས་གསལ་ཅན་འདི་བདེ་སྒྲིག་འབདཝ་ཨིན། ༠ %(དྭངས་སྒྲིབ་ཅན་) དང་ ༡༠༠%(དྭངས་གསལ་ཅན་) གྱི་བར་ན་ཨང་གྲངས་ཅིག་ཐོ་བཀོད་འབད།
ད་ལྟོ་བཀང་བའི་ཚོས་གཞི་ལུ་ དྭངས་གསལ་ཅན་ཅིག་འཇུག་སྤྱོད་འབདཝ་ཨིན། གདམ་ཁ་འདི་སེལ་འཐུ་འབད་བཞིནམ་ལས་ སྟེགས་རིས་རྒྱུ་དངོས་འདི་གཞི་སྒྲིག་འབད།
ཁྱོད་ཀྱིས་འཇུག་སྤྱོད་འབད་ནི་ཨིན་པའི་ དྭངས་གསལ་ཅན་གྱི་དབྱེ་བ་འདི་སེལ་འཐུ་འབད།
སྟེགས་རིས་དོན་ལུ་ ཐད་སྙོམས་ཀྱི་པར་ལེན་འདི་ཐོ་བཀོད་འབད།
སྟེགས་རིས་དོན་ལུ་ ཀེར་ཕྲང་གི་པར་ལེན་འདི་ཐོ་བཀོད་འབད།
སྟེགས་རིས་དོན་ལུ་ བསྒྱིར་ནི་ཅིག་ཐོ་བཀོད་འབད།
སྟེགས་རིས་ཀྱི་དྭངས་གསལ་ཅན་གྱི་མངའ་ཁོངས་འདི་ ཁྱོད་ཀྱིས་ བདེ་སྒྲིག་བཟོ་ནི་ཨིན་པའི་མང་ཉུང་ཚད་འདི་ཐོ་བཀོད་འབད། སྔོན་སྒྲིག་གནས་གོང་འདི་ ༠ %.
༠%འདི་ཆ་ཚང་དྭངས་སྒྲིབ་ཅན་དང་ ༡༠༠ %འདི་ ཆ་ཚང་དྭངས་གསལ་ཅན་ཨིན་པའི་ སྟེགས་རིས་ཀྱི་ མགོའི་ས་ཚིག་ལུ་ དྭངས་གསལ་ཅན་ཅིག་ཐོ་བཀོད་འབད།
༠ % འདི་ཆ་ཚང་དྭངས་སྒྲིབ་ཅན་དང་ ༡༠༠ % འདི་ཆ་ཚང་དྭངས་གསལ་ཅན་ཨིན་མི་ སྟེགས་རིས་ཀྱི་མཐའ་རྩེ་དོན་ལུ་དྭངས་གསལ་ཅན་ཅིག་ཐོ་བཀོད་འབད།
སེལ་འཐུ་འབད་ཡོད་པའི་དངོས་པོ་ལུ་ ཁྱོད་ཀྱིས་ ཚོས་གཞི་བཀང་ལུ་དྭངས་གསལ་ཅན་གྱི་ནུས་པ་འདི་འཇུག་བཅོས་མ་འབད་བའི་ཧེ་མ་ ཁྱོད་རའི་བསྒྱུར་བཅོས་འདི་ཚུ་བལྟ་ནིའི་དོན་ལུ་ སྔོན་ལྟ་འདི་ལག་ལེན་འཐབ།