LibreOffice 25.2 Help
ཨེབ་ལྡེ་བཀག་གི་གནས་ས་འདི་ དོན་མཚམས་ཅིག་གི་ནང་ལུ་གཞི་སྒྲིག་འབདཝ་ཨིན།
ཁྱོད་རང་དགོ་པ་ཅིན་ ཨེབ་ལྡེ་གི་གནས་ས་ཚུ་གཞི་སྒྲིག་འབད་ནི་དོན་ལུ་ ཁྱོད་ཀྱིས་ཐིག་ཤིང་འདི་ལག་ལེན་འཐབ་བཏུབ་ཨིན།
ཨེབ་ལྡེ་བཀག་ནི་གི་དབྱེ་བ་འདི་སེལ་འཐུ་འབད་ནི་དང་ ཚད་འཇལ་གསརཔ་ཅིག་ཐོ་བཀོད་འབད་ནི་ དེ་ལས་ གསརཔ་ཨེབ་གཏང་། ཁྱོད་རང་དགོ་པ་ཅིན་ ཨེབ་ལྡེ་(cm for centimeter, or " for inches)་དོན་ལུ་ ལག་ལེན་འཐབ་ནི་ལུ་ ཁྱོད་ཀྱིས་ ཚད་འཇལ་ཆ་ཚན་འདི་གསལ་བཀོད་འབད། ཁྱོད་ཀྱིས་གཞི་སྒྲིག་འབད་མི་གི་ ཨེབ་ལྡེ་དང་པའི་གཡོན་ལུ་གནས་དེ་ཡོད་པའི་ཨེབ་ལྡེ་ཚུ་ རྩ་བསྐྲད་གཏང་ཡོད།
ཁྱོད་ཀྱིས་ལེགས་བཅོས་འབད་དགོ་པའི་ ཨེབ་ལྡེ་གི་དབྱེ་བ་འདི་སེལ་འཐུ་འབད།
ཨེ་ཤི་ཡཱན་གྱི་རྒྱབ་སྐྱོར་འདི་ལྕོགས་ཅན་བཟོ་ཡོད་པ་ཅིན་ ཨེབ་ལྡེ་བཀག་ནི་གི་མིང་འདི་ གཡོན་/གཡས་ཨིན།
ཚིག་ཡིག་གི་གཡོན་གྱི་མཐའམ་འདི་ ཨེབ་ལྡེ་བཀག་ནི་ལུ་ཕྲངམ་ཨིནམ་དང་ ཚིག་ཡིག་འདི་གཡས་ལུ་རྒྱ་བསྐྱེད་གཏངམ་ཨིན།
ཨེ་ཤི་ཡཱན་སྐད་ཡིག་འདི་ལྕོགས་ཅན་བཟོ་ཡོད་པ་ཅིན་ ཨེབ་ལྡེ་དེ་གི་མིང་འདི་ གཡས་/མཇུག་ཨིན།
ཚིག་ཡིག་གི་གཡས་ཀྱི་མཐའམ་འདི་ ཨེབ་ལྡེ་བཀག་ནི་ལུ་ཕྲངམ་ཨིནམ་དང་ ཚིག་ཡིག་འདི་ཨེབ་ལྡེ་བཀག་ནི་གི་གཡོན་ལུ་ རྒྱ་བསྐྱེད་གཏངམ་ཨིན།
ཚིག་ཡིག་གི་དབུས་འདི་ ཨེབ་ལྡེ་བཀག་ནི་ལུ་ཕྲངམ་ཨིན།
ཨང་གྲངས་ཀྱི་བཅུ་ཚག་ས་ཚིག་འདི་ ཨེབ་ལྡེ་བཀག་ནི་གི་དབུས་ལུ་ཕྲངམ་ཨིནམ་དང་ ཚིག་ཡིག་འདི་ ཨེབ་ལྡེ་གི་གཡོན་ལུ་ཕྲངམ་ཨིན།
ཁྱོད་ཀྱིས་བཅུ་ཚག་ཨེབ་ལྡེ་འདི་བཅུ་ཚག་དབྱེ་བྱེད་སྦེ་ལག་ལེན་འཐབ་དགོ་པའི་ཡིག་འབྲུ་ཅིག་ཐོ་བཀོད་འབད།
ཨེབ་ལྡེ་བཀག་ནི་གི་གཡོན་ལུ་འགོ་འཁྲིད་པ་འབད་ལག་ལེན་འཐབ་ནི་དོན་ལུ་ ཡིག་འབྲུ་ཚུ་གསལ་བཀོད་འབད།
ཨེབ་ལྡེ་བཀག་ནི་གི་གཡོན་ལུ་ ཡིག་འབྲུ་ཚུ་བཀང་མེད་ ཡང་ན་ གནས་དེ་ཡོད་པའི་ཡིག་འབྲུ་ཚུ་རྩ་བསྐྲད་གཏང་ནི་འདི་བཙུགསཔ་ཨིན།
ཨེབ་ལྡེ་བཀག་ནི་གི་གཡོན་ལུ་ སྟོངམ་གི་བར་སྟོང་འདི་ཚག་དང་བཅས་བཀངམ་ཨིན།
ཨེབ་ལྡེ་བཀག་ནི་གི་གཡོན་ལུ་སྟོངམ་གི་བར་སྟོང་འདི་ སྦྲེལ་རྟགས་ཚུ་དང་བཅས་བཀངམ་ཨིན།
སྟོངམ་བར་སྟོང་འདི་ ཨེབ་ལྡེ་བཀག་ནི་གི་གཡོན་ལུ་བཀང་ནི་དོན་ལུ་ གྲལ་ཐིག་ཅིག་འཐེནམ་ཨིན།
ཨེབ་ལྡེ་བཀག་ནི་གི་གཡོན་ལུ་བཀང་ནི་དོན་ལུ་ ཁྱོད་ཀྱིས་ ཡིག་འབྲུ་ཅིག་གསལ་བཀོད་འབད་བཅུགསཔ་ཨིན།
ཁྱོད་ཀྱིས་ད་ལྟོའི་དོན་མཚམས་ལུ་ངེས་འཛིན་འབད་ཡོད་མི་ལུ་ ཨེབ་ལྡེ་བཀག་ནི་འདི་ཁ་སྐོང་བརྐྱབ་ཨིན།
གིས་ ཁྱོད་ཀྱིས་ གནས་ས་འོག་ལུ་ངེས་འཛིན་འབད་ཡོད་པའི་ཨེབ་ལྡེ་བཀག་ནི་འདི་ཚུ་ཆ་མཉམ་རྩ་བསྐྲད་གཏངམ་ཨིན། Leftཨེབ་ལྡེ་བཀག་ནི་འདི་ ཨེབ་ལྡེ་བཀག་ནི་གི་སྔོན་སྒྲིག་སྦེ་དུས་རྒྱུན་གྱི་བར་མཚམས་ལུ་ གཞི་སྒྲིག་འབདཝ་ཨིན།