སྡེ་བཟོའི་དངོས་པོ་ཚུ་

ཁྱོད་ཀྱིས་ དངོས་པོ་ལེ་ཤ་རང་སྡེ་ཚན་ཅིག་ནང་ མཉམ་མཐུད་འབད་ཚུགས་ དེ་འབདཝ་ལས་དེ་ཚུ་གིས་ དངོས་པོ་རྐྱང་པ་སྦེ་གནསཔ་ཨིན། དེ་ལས་ཁྱོད་ཀྱིས་ དངོས་པོ་ཚུ་ཆ་མཉམ་རང་ སྡེ་ཚན་ནང་ཆ་ཕྲན་རྐྱང་པ་སྦེ་ སྤོ་བཤུད་དང་བཟོ་བསྒྱུར་འབད་ཚུགས། དེ་གིས་མ་ཚད་པར་ དོ་རུང་ཁྱོད་ཀྱིས་ དངོས་པོ་ཆ་མཉམ་གྱི་རྒྱུ་དངོས་(དཔེར་ན་ གྲལ་ཐིག་ཚད་དང་བཀང་བའི་ཚོས་གཞི་)ཚུ་ ཧྲིལ་བུམ་སྦེ་ སྡེ་ཚན་ཅིག་ནང་ ཡང་ཅིན་ སྡེ་ཚན་ནང་ངོ་རྐྱང་དངོས་པོའི་དོན་ལུ་ བསྒྱུར་བཅོས་འབད་ཚུགས། སྡེ་ཚན་འདི་ཡང་ གནས་སྐབས་ ཡང་ན་ འགན་སྤྲོད་འབད་ཡོདཔ་ཨིན་རུང་བཏུབ།

སྡེ་ཚན་ཚུ་གིས་ སྡེ་ཚན་གཞན་ཚུ་ནང་ལུ་ཡང་ སྡེ་ཚན་བཟོ་ཚུགས། སྡེ་ཚན་ལུ་འཇུག་སྤྱོད་འབད་ཡོད་པའི་བྱ་བ་འདི་གིས་ སྡེ་ཚན་ནང་གཅིག་གིས་གཅིག་ལུ་ངོ་རྐྱང་དངོས་པོ་གི་འབྲེལ་བའི་གནས་ས་ལུ་མི་གནོད།

སྡེ་ཚན་དངོས་པོ་ཚུ་ལུ་:

ངོས་པར་

Select the objects you want to group and choose Shape - Group - Group.

དཔེར་ན་ ཁྱོད་ཀྱིས་ ལས་རྟགས་འདི་རྐྱང་པའི་དངོས་པོ་སྦེ་ སྤོ་བཤུད་དང་ཚད་བསྐྱར་བཟོའི་དོན་ལུ་ དངོས་པོ་ཚུ་ཆ་མཉམ་རང་ཚོང་སྡེ་ལས་རྟགས་ནང་སྡེ་ཚན་བཟོ་ཚུགས།

ཁྱོད་ཀྱིས་དངོས་པོ་ཚུ་སྡེ་ཚན་བཟོ་བའི་ཤུལ་མ་ སྡེ་ཚན་ཡན་ལག་གང་རུང་ཅིག་སེལ་འཐུ་འབད་མི་འདི་གིས་ སྡེ་ཚན་ཧྲིལ་བུ་སེལ་འཐུ་འབདཝ་ཨིན།

དངོས་པོ་ཚུ་སྡེ་ཚན་ནང་ སེལ་འཐུ་འབད་དོ།

ངོས་པར་

ཁྱོད་ཀྱིས་ སྡེ་ཚན་བཙུགས་པའི་ཐོག་ལས་ སྡེ་ཚན་ནང་ དངོས་པོ་རྐྱང་པ་ཚུ་སེལ་འཐུ་འབད་ཚུགས། བཙུགས་ནིའི་དོན་ལུ་ ཨེབ་གཏང་ཚར་གཉིས་འབད་ནི་དང་སེལ་འཐུ་འབད་ནིའི་དོན་ལུ་ དངོས་པོའི་གུ་ཨེབ་གཏང་འབད། དེ་མ་ཚད་ཁྱོད་ཀྱིས་ ཐབས་ལམ་ནང་སྡེ་ཚན་ལུ་ ཡང་ན་ དེ་ནང་ལས་ དངོས་པོ་ཚུ་ ཁ་སྐོང་དང་ཡང་ཅིན་བཏོན་གཏང་ཚུགས། སྡེ་ཚན་གྱི་ཡན་ལག་མེད་པའི་དངོས་པོ་ཚུ་ སྐྱ་ཐལ་བཟོཝ་ཨིན།

ངོས་པར་

སྡེ་ཚན་ཕྱིར་འཐོན་གྱི་དོན་ལུ་ ཕྱི་ཁ་ག་སྟེ་ཡང་ ཨེབ་གཏང་ཚར་གཉིས་འབད།

Please support us!