ཚོས་གཞི་ཚུ་ཚབ་བཙུགས་དོ་

ཁྱོད་ཀྱིས་ ཚོས་གཞི་འདེམས་བྱེད་ལག་ཆས་ཀྱི་ཐོག་ལས་ བིཊི་མེཔསི་ནང་ ཚོས་གཞི་ཚུ་ཚབ་མ་བཙུགས་ཚུགས།

ཚོས་གཞི་བཞི་ཚུན་ཚོད་ ཚར་གཅིག་ནང་ཚབ་མ་བཙུགས་ཚུགས།

ཁྱོད་ཀྱིས་ གཟུགས་བརྙན་གྱི་དྭངས་གསལ་མངའ་ཁོངས་ཚུ་ཚོས་གཞི་དག་བཅས་ ཚབ་མ་བཙུགས་ནིའི་དོན་ལས་ Transparencyགདམ་ཁ་འདི་ཡང་ ལག་ལེན་འཐབ་ཚུགས།

དེ་བཟུམ་སྦེ་ ཁྱོད་རའི་གཟུགས་བརྙན་དྭངས་གསལ་གུ་ཚོས་གཞི་བཟོ་ནིའི་དོན་ལུ་ ཁྱོད་ཀྱིས་ ཚོས་གཞི་འདེམས་བྱེད་འདི་ ལག་ལེན་འཐབ་ཚུགས།

ཚོས་གཞི་འདེམས་བྱེད་ཀྱི་ལག་ཆས་ཐོག་ལས་ ཚོས་གཞི་ཚབ་མ་བཙུགས་ནི་ལུ།

ཁྱོད་ཀྱིས་ལག་ལེན་འཐབ་མི་འདི་ བིཊི་མེཔ་(དཔེར་ན་ བི་ཨེམ་པི་ ཇི་ཨའི་ཇི་ ཇེ་པི་ཇི་ ཡང་ན་ པི་ཨེན་ཇི་) ཡངན་ མེ་ཊ་ཕ་ཡིལ་(དཔེར་ན་ ཌབ་ལུ་ཨེམ་ཨེཕི་)ཨིནམ་སྦེ་ ངེས་ལྡན་བཟོ།

  1. ལག་ཆས་ཚུ་ གདམ་ཁ་རྐྱབས་ - རྩིས་རྐྱབས་

  2. ཚོས་གཞི་འདེམས་བྱེད་ལུ་ ཨེབ་གཏང་འབད་ དེ་ལས་ ཁྱོད་ཀྱིས་གཟུགས་བརྙན་ནང་ཚབ་མ་བཙུགས་ནི་ཨིན་པའི་ཚོས་གཞིའི་ལྟག་ལས་ མའུསི་དཔག་བྱེད་ཀྱི་གནས་ས་བཟོ། ཚོས་གཞི་འདེམས་བྱེད་ངོས་པར་གྱི་སྦོ་ལོགས་ཁའི་སྒྲོམ་ནང་ ཚོས་གཞི་འབྱུངམ་ཨིན།

  3. གཟུགས་བརྙན་ནང་ཚོས་གཞི་ལུ་ ཨེབ་གཏང་འབད། ཚོས་གཞི་འདི་ འབྱུང་ཁུངས་ཚོས་གཞི་དང་པའི་སྒྲོམ་ནང་འབྱུངམ་ཨིནམ་དང་ཚོས་གཞི་གི་སྦོ་ལོགས་ཁར་ཡོད་པའི་ཞིབ་དཔྱད་སྒྲོམ་འདི་ སེལ་འཐུ་འབད་ཡི།

  4. དང་བཅས་ཚབ་མ་བཙུགས་ སྒྲོམ་ནང་ལས་ ཚོས་གཞི་གསརཔ་ སེལ་འཐུ་འབད།

    དྲན་འཛིན་ངོས་དཔར།

    འདི་གིས་ འབྱུང་ཁུངས་ཚོས་གཞི་ གི་འབྱུང་བ་ཚུ་ཆ་མཉམ་ གཟུགས་བརྙན་ནང་ ཚབ་བཙུགསཔ་ཨིན།


  1. ཁྱོད་ཀྱིས་ ཌའི་ལོག་འདི་ཁ་ཕྱེ་བའི་སྐབས་ལུ་ ཚོས་གཞི་སོ་སོ་ཅིག་ཚབ་བཙུགས་དགོ་མནོ་བ་ཅིན་ གྲལ་ཐིག་གཞན་མི་ནང་ འབྱུང་ཁུངས་ཚོས་གཞི་གི་གདོང་ཁའི་ཞིབ་དཔྱད་སྒྲོམ་འདི་ སེལ་འཐུ་འབད་དེ་ལས་ རིམ་པ་གསུམ་ལས་ལྔའི་བར་ ཡང་བསྐྱར་འབད།

  2. ཚབ་བཙུགས་ ལུ་ཨེབ་གཏང་འབད།

ཊི་ཨའི་པི་ངོས་དཔར།

ཁྱོད་ལུ་ ཚོས་གཞི་སེལ་འཐུའི་མངའ་ཁོངས་འདི་ རྒྱ་འཕར་དང་བསྐུམ་ནིའི་རེ་འདོད་ཡོད་པ་ཅིན་ ཚོས་གཞི་འདེམས་བྱེད་ ལག་ཆས་ཀྱི་བཟོད་སྲན་འདི་ ཡར་འཕར་དང་མར་ཕབ་འབད་ཞིནམ་ལས་ ཁྱོད་རའི་སེལ་འཐུ་ ཡང་བསྐྱར་འབད།


Please support us!