དུམ་ཚན་དང་ཆ་བགོས་ཚུ་བྲིས་དོ་

སྒོང་དབྱིབས་དང་སྒོར་ཐིག་ཚུ་འབྲི་ནིའང་དོན་ལུ་ Ellipse ལག་ཆས་ཕྲ་རིང་ནང་ལུ་ ལག་ཆས་ཚུ་ཡོདཔ་ཨིན།དེ་མ་ཚད་ཁྱོད་ཀྱིས་ ཆ་བགོས་དང་དེ་ལས་ སྒོར་ཐིག་གི་དུམ་ཚན་དང་སྒོང་དབྱིབས་ཚུ་འབྲི་ཚུགས།

སྒོར་ཐིག་གི་དུམ་ཚན་ ཡང་ན་ སྒོང་དབྱིབས་ཚུ་འབྲི་ནི་ལུ་:

  1. Ellipses ལག་ཆས་ཕྲ་རིང་ ཁ་ཕྱེ་ཞིནམ་ལས་ སྒོར་ཐིག་པ་ཡི་ or སྒོང་དབྱིབས་པ་ཡི་ངོས་པར་ ངོས་པར་ ཚུ་ནང་ལས་ གཅིག་ལུ་ཨེབ་གཏང་འབད། མའུསི་དཔག་བྱེད་འདི་ དུམ་ཚན་གྱི་ངོས་པར་ཆུང་ཀུ་ཅིག་དང་བཅས་ ཀོརོསི་ཧེའར་ལུ་བསྒྱུར་བཅོས་འབདཝ་ཨིན།

  2. ཁྱོད་ཀྱིས་འབྲི་ནི་ཨིན་པའི་དཔག་བྱེད་འདི་ སྒོར་ཐིག་གི་མཐའ་མ་ལུ་གནས་ས་བཟོ་ དེ་ལས་ སྒོར་ཐིག་གསར་བསྐྲུན་གྱི་དོན་ལུ་འདྲུད།

    ཊི་ཨའི་པི་ངོས་དཔར།

    དབུས་ན་ལས་འདྲུད་པའི་ཐོག་ལས་ སྒོར་ཐིག་གསར་བསྐྲུན་འབད་ནིའི་དོན་ལུ་འདྲུད་པའི་སྐབས་ ལུ་ཨེབ་གཏང་འབད།


  3. སྒོར་ཐིག་འདི་ ཁྱོད་ཀྱིས་དགོ་པའི་ཚད་ཁར་ལྷོདཔ་ད་ མའུསི་ཨེབ་རྟ་འདི་ལག་པ་ལས་གཏང་། སྒོར་ཐིག་གི་མཐའ་འཁོར་ལུ་ཆ་མཉམ་པའི་གྲལ་ཐིག་འདི་ སྒོར་ཐིག་ནང་འབྱུངམ་ཨིན།

  4. ཁྱོད་ཀྱིས་ དུམ་ཚན་གྱི་མཐའ་མཚམས་དང་པམ་འདི་ ག་སྟེ་བཞག་ནི་ཨིན་ན་ དེ་ཁར་དཔག་བྱེད་ཀྱི་གནས་ས་བཟོ་ དེ་ལས་ ཨེབ་གཏང་འབད།

    དྲན་འཛིན་ངོས་དཔར།

    དཔག་བྱེད་ལུ་རྗེས་སུ་འབྲང་མི་མཐའ་འཁོར་གྲལ་ཐིག་འདི་ སྒོར་ཐིག་མཐའ་མཚམས་ལུ་དམས་ཡོདཔ་ལས་ ཁྱོད་ཀྱིས་ཡིག་ཆ་ནང་ ག་སྟེ་ལུ་ཡང་ཨེབ་གཏང་འབད་ཚུགས།


  5. ཁྱོད་ཀྱིས་དུམ་ཚན་གྱི་མཐའ་མཚམས་གཉིས་པམ་འདི་ག་སྟེ་བཞག་ནི་ཨིན་ན་ དེ་ཁར་དཔག་བྱེད་ཀྱི་གནས་ས་བཟོ་ དེ་ལས་ ཨེབ་གཏང་འབད། མཇུག་བསྡུ་ཡོད་པའི་དུམ་ཚན་འདི་ བཀྲམ་སྟོན་འབད་ཡི།

སྒོར་ཐིག་གི་ཆ་བགོས་ ཡང་ན་ སྒོང་དབྱིབས་འབྲི་དགོ་པ་ཅིན་ སྒོར་ཐིག་ལུ་གཞི་བཞག་པའི་དུམ་ཚན་ཅིག་ གསར་བསྐྲུན་འབད་ནིའི་དོན་ལུ་ རིམ་པ་དང་འཁྲིལ་ཏེ་འབད།

སྒོང་དབྱིབས་ལུ་གཞི་བཞག་པའི་གཞུ་དབྱིབས་ཅིག་འབྲི་དགོ་པ་ཅིན་ གཞུ་དབྱིབས་ངོས་པར་ཚུ་ནང་ལས་གཅིག་ གདམ་ཁ་རྐྱབས་ཞིནམ་ལས་ སྒོར་ཐིག་ལུ་གཞི་བཞག་པའི་དུམ་ཚན་གསར་བསྐྲུན་འབད་ནིའི་དོན་ལུ་ རིམ་པ་དང་འཁྲིལ་དགོ་དོ་བཟུམ་སྦེ་འབད།

Please support us!