LibreOffice ཀེལཀི་ཁྱད་རྣམ་

LibreOffice ཀེལཀི་འདི་ རྩིས་སྟོན་དང་དཔྱད་ཞིབ་དེ་ལས་ཁྱོད་རའི་གནད་སྡུད་འཛིན་སྐྱོང་འབད་བཏུབ་པའི་ཤོག་ཁྲམ་གློག་རིམ་ཅིག་ཨིན། དེ་མ་ཚད་ཁྱོད་ཀྱིས་ མའི་ཀོརོ་སོཕཊི་ཨེག་སིལ་ཤོག་ཁྲམ་ཚུ་ནང་འདྲེན་དང་ལེགས་བཅོས་འབད་ཚུགས།

རྩིས་ལས།

LibreOffice ཀེལཀི་གིས་ཁྱོད་ལུ་ ལས་འགན་དང་གཅིག་ཁར་ ཁྱོད་ཀྱིས་ཁྱོད་རའི་གནད་སྡུད་གུ་གོ་དཀའ་བའི་རྩིས་སྟོན་ནི་ཚུགི་ལཱ་འགན་འགྲུབ་ནིའི་དོན་ལུ་མན་ངག་གསར་བསྐྲུན་འབད་ནི་ལུ་ལག་ལེན་འཐབ་ཚུགས་པའི་ཚད་རྩིས་དང་དངུལ་ཁང་གི་ལས་འགན་ཚུ་ཡང་བྱིནམ་ཨིན།

དེ་མ་ཚད་ ཁྱོད་ཀྱིས་ཁྱོད་རའི་མན་ངག་གསར་བསྐྲུན་འབད་ནིའི་གྲོགས་རམ་གྱི་དོན་ལུ་ Function Wizardའདི་ལག་ལེན་འཐབ་ཚུགཤས།

རྩིས་སྟོན་པ་ཅིན་ ག་ཅི་འབད་འོང་།

སྤྲོ་བ་ཡོད་པའི་ཁྱད་རྣམ་གིས་ དེ་འཕྲལ་ལས་ཆ་རྐྱེན་ལེ་ཤ་ཅིག་ལས་བྱུང་བའི་རྩི་ས་སྟོན་ཅིག་གི་ཆ་རྐྱེན་ལུ་བསྒྱུར་བཅོས་འབད་ཡོད་པའི་གྲུབ་འབྲས་འདི་ལུ་བལྟ་ཚུགས་ནི་མས། དཔེར་ན་ སྐྱིན་འགྲུལ་རྩིས་སྟོན་ནང་དུས་ཚོད་བསྒྱུར་བཅོས་འབད་མི་གིས་ དངུལ་སྐྱེད་ ཡངན་ ལོག་གླ་དངུལ་སྤྲོད་ནི་ཚུ་ལུ་ཕན་གནོད་ག་དེ་སྦེ་ཡོདཔ་ཨིན་ན་ཁྱོད་ཀྱིས་མཐོང་ཚུགས། གཞན་ཡང་ ཁྱོད་ཀྱིས་ སྔ་གོང་ངེས་འཛིན་འབད་ཡོད་པའི་འཆར་བཤད་སོ་སོ་ལག་ལེན་གྱི་ཐོག་ལས་ ཐིག་ཁྲམ་སྦོམ་ཚུ་འཛིན་སྐྱོང་འཐབ་ཚུགས།

གནད་སྡུད་ལས་འགན།

མཛོད་ཁང་དང་ཚགས་མ་དེ་ལས་ ཁྱོད་རའི་གནད་སྡུད་ཚུ་བདེ་ཞིབ་འབད་ནིའི་དོན་ལས་ ཤོག་ཁྲམ་ལག་ལེན་འཐབ།

LibreOfficeཀེལཀི་གིས་ཁྱོད་ལུ་ གནད་སྡུད་གཞི་རྟེན་ནང་ལས་ཐིག་ཁྲམ་ཚུ་འདྲུད་ནི་དང་བཀོག་ནི་ཚུ་འབད་བཅུགཔ་ཨིན་ ཡང་ན་ ཁྱོད་ལུ་ LibreOffice རའི་ཊར་ནང་ ཡི་གུའི་རྣམ་པ་ཚུ་གསར་བསྐྲུན་འབད་ནིའི་དོན་ལས་ཤོག་ཁྲམ་འདི་གནད་སྡུད་འབྱུང་ཁུངས་སྦེ་ལག་ལེན་འཐབ་བཅུགཔ་ཨིན།

བདེ་ཞིབ་གནད་སྡུད།

མའུསི་གུ་ཨེབ་གཏང་ཉུང་སུ་ཅིག་འབད་བའི་ཐོག་ལས་ ཁྱོད་ཀྱིས་གནད་སྡུད་ཁྱབ་ཚད་ལ་ལོ་ཅིག་སྟོན་ནི་ ཡངན་ སྦ་ནི་དང་དེ་ལས་དམིགས་བསལ་གནས་སྟངས་དང་འཁྲིལ་ཏེ་ཁྱབ་ཚད་རྩ་སྒྲིག་འབད་ནི་ ཡང་ཅིན་ ཡན་ལག་བསྡོམས་དང་བསྡོམས་ནིའི་རྩིས་མགྱོགས་པར་སྟོན་ནིའི་དོན་ལས་ ལོག་སྟེ་འགོ་འདྲེན་འཐབ་ཚུགས།

ནུས་ཅན་གྱི་དཔེ་རིས།

LibreOfficeཀེལཀི་གིས་ཁྱོད་ལུ་ གནད་སྡུད་བསྒྱུར་བཅོས་འབདཝ་ད་ རང་བཞིན་གྱིས་དུས་མཐུན་བཟོ་བཏུབ་པའི་ནུས་ཅན་དཔེ་རིས་ནང་ལུ་ ཤོག་ཁྲམ་གནད་སྡུད་གསལ་སྟོན་འབད་བཅུགཔ་ཨིན།

མའི་ཀོརོ་སོཕཊི་ཡིག་སྣོད་ཁ་ཕྱེ་ནི་དང་སྲུང་ནི།

ཨེག་སིལ་ཡིག་སྣོད་ཚུ་གཞི་བསྒྱུར་འབད་ནི་དང་ ཡང་ན་ གཞན་formatsཚུ་ནང་ ཁ་ཕྱེ་ནི་དང་སྲུང་ནིའི་དོན་ལས་ LibreOffice ཚགས་མ་ལག་ལེན་འཐབ།

Please support us!