LibreOffice 25.2 Help
ནང་ཐིག་རེ་རེ་དོན་ལུ་ ཁྱོད་ཀྱིས་ཐོ་བཀོད་ཚུ་ནུས་ལྡན་བཟོ་ནིའི་དོན་ལས་ངེས་འཛིན་འབད་ཚུགས། ནང་ཐིག་ཅིག་ལུ་ནུས་མེད་ཐོ་བཀོད་ཚུ་དང་ལེན་སྤངམ་ཨིན།
ནུས་ལྡན་དུས་ཚོད་ཀྱི་ལམ་ལུགས་འདི་ གནས་གོང་གསརཔ་འདི་ཐོ་བཀོད་འབད་ཡོད་པའི་སྐབས་ ཤུགས་ལྡན་བཟོ་ཡོད། ནུས་མེད་གནས་གོང་ཅིག་ཧེ་མ་ལས་རང་ནང་ཐིག་ནང་ལུ་བཙུགས་ཡོདཔ་ཨིན་པ་ཅིན་ ཡང་ན་ཁྱོད་ཀྱིས་ གནས་གོང་ཅིག་ནང་ཐིག་ནང་ལུ་ ཡང་ཅིན་འདྲུད་-དང་-བཀོག་བཞག་གིས་ ཡང་ན་འདྲ་བཤུས་དང་སྦྱར་བའི་ཐོག་ བཙུགསཔ་ཨིན་པ་ཅིན་ ནུས་ལྡན་དུས་ཚོད་ལམ་ལུགས་འདི་ནུས་པ་མི་འཐོབ།
ཁྱོད་ཀྱིས་ལག་ཆས་ཚུ་ - སྐྱོན་འཛིན་ཅན་ འདི་ ནམ་འབད་རུང་གདམ་ཁ་རྐྱབས་ཞིནམ་ལས་ བརྡ་བཀོད་ ནུས་མེད་གནད་སྡུད་རྟགས་བཀལ་ འདི་ ནང་ཐིག་ག་ལུ་ནུས་མེད་གནས་གོང་ཚུ་ཡོདཔ་ཨིན་ན་བཀྲམ་སྟོན་འབད་ནིའི་དོན་ལས་གདམ་ཁ་རྐྱབས་བཏུབ།
ཁྱོད་ཀྱིས་ནུས་ལྡན་དུས་ཚོད་ལམ་ལུགས་གསརཔ་ཅིག་ངེས་འཛིན་འབད་ནི་ཨིན་མི་གི་དོན་ལུ་ ནང་ཐིག་འདི་སེལ་འཐུ་འབད།
གདམ་ཁ་རྐྱབས།
ཁྱད་ཚད་ མཆོང་ལྡེ་ཤོག་ལེབ་གུ་ལུ་ ནང་ཐིག་ནང་ལུ་ཐོ་བཀོད་འབད་ཡོད་པའི་གནས་གོང་གསརཔ་ཚུ་གི་དོན་ལུ་ གནས་སྟངས་གསརཔ་འདི་ཐོ་བཀོད་འབད།
འབད་བཅུག་ ས་སྒོ་ནང་ལུ་ གདམ་ཁ་ཅིག་སེལ་འཐུ་འབད།
ཁྱོད་ཀྱིས་ "Whole Numbers" སེལ་འཐུ་འབདཝ་ཨིན་པ་ཅིན་ གནས་གོང་ དཔེར་ན་ "12.5" བཟུམ་ཚུ་འབད་མི་ཆོག། "Date" གདམ་ཁ་རྐྱབས་ནི་འདི་གིས་ ཉེ་གནས་ཚེས་གྲངས་རྩ་སྒྲིག་དང་ རྒྱུན་རིམ་ཚེས་གྲངས་ ཅིག་གི་འབྲི་ཤོག་གཉིས་ཆ་རང་ནང་ལུ་ ཚེས་གྲངས་བརྡ་དོན་འདི་འབད་བཅུགཔ་ཨིན། དེ་དང་ཆ་འདྲཝ་སྦེ་ "Time" སྟངས་ཀྱིས་ དུས་ཚོད་གནས་གོང་ དཔེར་ན་ "12:00" བཟུམ་ཡང་ན་ རྒྱུན་རིམ་དུས་ཚོད་གྲངས་བཟུམ་ཚུ་ལུ་གནང་བ་བྱིནམ་ཨིན། "Text Length" གིས་ ནང་ཐིག་ཚུ་ ཚིག་ཡིག་དག་པ་ཅིག་ནང་རྐྱངམ་ཅིག་འབད་ཆོགཔ་སྦེ་ཆ་རྐྱེན་བཀོདཔ་ཨིན།
"List" འདི་ ནུས་ལྡན་ཐོ་བཀོད་ཚུ་གི་ཐོ་ཡིག་ཅིག་ཐོ་བཀོད་འབད་ནིའི་དོན་ལས་སེལ་འཐུ་འབད།
ཤུལ་མའི་གནས་སྟངས་འདི་ གནད་སྡུད་གི་འོག་ལུ་སེལ་འཐུ་འབད། ཁྱོད་ཀྱིས་གདམ་ཁ་རྐྱབས་མི་དང་འཁྲིལ་ཏེ་ ཁ་སྐོང་གདམ་ཁ་འདི་སེལ་འཐུ་འབད་བཏུབ་ཨིན།
ཁྱོད་ཀྱིས་གནས་སྟངས་འདི་ ནང་ཐིག་ནུས་ལྡན་དུས་ཚོད་ཀྱི་དོན་ལུ་ གཏན་འབེབས་བཟོ་བའི་ཤུལ་ལུ་ ཁྱོད་ཀྱིས་ གཞན་མི་མཆོང་ལྡེ་ཤོག་ལེབ་གཉིསཔ་འདི་ འཕྲིན་དོན་སྒྲོམ་ཚུ་གསར་བསྐྲུན་འབད་ནིའི་དོན་ལས་ ལག་ལེན་འཐབ་བཏུབ་:
Input Help མཆོང་ལྡེ་ཤོག་ལེབ་གུ་ མགོ་མིང་དང་ཕན་བསླབ་ཀྱི་ཚིག་ཡིག་བཙུགས། དེ་ཡང་ནང་ཐིག་འདི་སེལ་འཐུ་འབད་ཡོད་པ་ཅིན་ བཀྲམ་སྟོན་འབད་ནི་ཨིན།
འཛོལ་བའི་དྲན་བརྡ་ མཆོང་ལྡེ་ཤོག་ལེབ་གུ་ འབྱུང་ལས་ཀྱི་འཛོལ་བ་ནང་འབད་ནི་ཨིན་པའི་བྱ་བ་ སེལ་འཐུ་འབད།
ཁྱོད་ཀྱིས་ "Stop" འདི་བྱ་བ་སྦེ་སེལ་འཐུ་འབད་བ་ཅིན་ ནུས་མེད་ཐོ་བཀོད་ཚུ་དང་ལེན་མི་འབད་ནི་ཨིནམ་དང་ ཧེ་མའི་ནང་ཐིག་ནང་དོན་ཚུ་ཡང་ བདག་བཟུང་འབད་འོང་།
"Warning" ཡང་ན་ "Information" འདི་ ཐོ་བཀོད་ཚུ་ཡང་ཅིན་ཆ་མེད་གཏང་ནི་ཡང་དང་ལེན་འབད་བཏུབ་མི་ ཌའི་ལོག་ཅིག་བཀྲམ་སྟོན་འབད་ནིའི་དོན་ལས་ སེལ་འཐུ་འབད།
"Macro" སེལ་འཐུ་འབད་བ་ཅིན་ Browse ཨེབ་རྟ་འདི་ལག་ལེན་འཐབ་པའི་ཐོག་ལས་ འཛོལ་བའི་བྱུང་ལས་ནང་གཡོག་བཀོལ་ནི་ལུ་ མེ་ཀོརོ་ཅིག་གསལ་བཀོད་འབད་བཏུབ།
To display the error message, select Show error message when invalid values are entered.
ནང་ཐིག་གི་དོན་ལུ་ Error Alertམཆོང་ལྡེ་ཤོག་ལེབ་གུ་ བྱ་བ་འདི་བསྒྱུར་བཅོས་འབད་ཞིནམ་ལས་དང་ བཏུབ་གི་ཐོག་ལས་ཌའི་ལོག་ཁ་བསྡམ་པའི་ཤུལ་ལུ་ འགྱུར་བའི་ནུས་པ་མ་འཐོབ་ཀྱི་ཧེ་མ་ལས་ར་ ཁྱོད་ཀྱིས་དང་པ་ར་ནང་ཐིག་གཞན་ཅིག་སེལ་འཐུ་འབད་དགོ