ཨང་གྲངས་ཚུ་ཚིག་ཡིག་སྦེ་ རྩ་སྒྲིག་འབད་དོ་

ཁྱོད་ཀྱིས་ LibreOffice ཀེལཀི་ནང་གི་ཚིག་ཡིག་བཟུམ་སྦེ་ ཨང་གྲངས་ཚུ་རྩ་སྒྲིག་འབད་ཚུགས། ནང་ཐིག་ཅིག་གི་སྐབས་དོན་དཀར་ཆག་ ཡང་ན་ ནང་ཐིག་ཁྱབ་ཚད་ཚུ་ཁ་ཕྱེ་ཞིནམ་ལས་ རྩ་སྒྲིག་ནང་ཐིག་ཚུ་ - ཨང་གྲངས་ཚུ་ གདམ་ཁ་རྐྱབས་ དེ་ལས་ དབྱེ་རིམ་ ཐོ་ཡིག་ནང་ལས་ "Text" སེལ་འཐུ་འབད། རྩ་སྒྲིག་འབད་ཡོད་པའི་ཁྱབ་ཚད་ནང་ ཤུལ་ལས་འབད་བཙུགས་ཡོད་པའི་ཨང་གྲངསགང་རུང་ཚུ་ ཚིག་ཡིག་སྦེ་ཁ་བསྒྱུར་འབདཝ་ཨིན། "numbers" བཀྲམ་སྟོན་འབད་འདི་ ཚིག་ཡིག་གཞན་དང་གཅིག་ཁར་ ལྟེམས་བཅོས་འབད་དེ་བཞག་ཅི།

ཁྱོད་ཀྱིས་ ཧེ་མ་ལས་ར་ནང་ཐིག་ནང་སྤྱིར་བཏང་ཨང་གྲངས་བཙུགས་ཡོདཔ་དང་ ནང་ཐིག་གི་རྩ་སྒྲིག་ཚུ་ཤུལ་ལས་ "Text" ལུ་བསྒྱུར་བཅོས་འབད་ཡོད་པ་ཅིན་ ཨང་གྲངས་ཚུ་གཞི་བསྒྱུར་མ་འབད་བར་སྤྱིར་བཏང་ཨང་གྲངས་སྦེ་སྡོད་འོང་། ཨང་གྲངས་ཤུལ་ལས་བཙུགས་ཡོད་མི་དང་ ཞུན་དག་འབད་ཡོད་པའི་ཨང་གྲངས་ཚུ་རྐྱངམ་ཅིག་ ཚིག་ཡིག་ཨང་གྲངས་ལུ་འགྱུར་འོང་།

ཁྱོད་ཀྱིས་ ཨང་གྲངས་ཅིག་ཚིག་ཡིག་སྦེ་ཐད་ཀར་དུ་བཙུགས་ནིའི་ཐག་བཅད་ཡོད་པ་ཅིན་ དང་པ་ར་ འབྲེལ་རྟགས་ (')འདི་བཙུགས། དཔེར་ན་ ཀེར་ཐིག་མགུ་རྒྱན་ནང་ ལོ་བཙུགས་དགོ་པ་ཅིན་ '༡༩༩༩ དང་ '༢༠༠༠ དེ་ལས་ '༢༠༠༡ བཙུགས་བཏུབ། འབྲེལ་རྟགས་འདི་ནང་ཐིག་ནང་མི་མཐོང་ འདི་གིས་ ཐོ་བཀོད་འདི་ཚིག་ཡིག་སྦེ་ངོས་འཛིན་འབད་དགོ་པའི་བརྡ་སྟོན་འབདཝ་ཨིན། འདི་གནམ་མེད་ས་མེད་ཁག་ཆེཝ་ཨིན་ དཔེར་ན་ ཁྱོད་ཀྱིས་ ཀླད་ཀོར་གྱིས་འགོ་བཙུགས་པའི་བརྒྱུད་འཕྲིན་ཨང་ ཡང་ན་ འགྲེམ་ཨང་བཙུགས་དགོ་ དེ་ཡང་ག་ཅི་འབད་ཟེར་བ་ཅིན་ ཨང་ཡིག་གི་ཧེ་མའི་འབྱུང་རིམ་ཀླད་ཀོར་(༠)ཅིགཔ་འདི་ སྤྱིར་བཏང་ཨང་གྲངས་རྩ་སྒྲིག་ནང་ལས་བཏོན་གཏངམ་ཨིན།

Please support us!