ཚིག་ཡིག་སྟེང་ཡིག་/འོག་ཡིག་

  1. ནང་ཐིག་ནང་ ཁྱོད་ཀྱིས་ སྟེང་ཡིག་ ཡངན་ འོག་ཡིག་ནང་བཙུགས་ནི་ཨིན་པའི་ཡིག་འབྲུ་ སེལ་འཐུ་འབད།

    དཔེར་ན་ ཁྱོད་ཀྱིས་ འོག་ཡིག་ ༢ དང་གཅིག་ཁར་ H20 འབྲི་ནི་ཨིན་པ་ཅིན་ ནང་ཐིག་(ཨིན་པུཊི་གྲལ་ཐིག་ནང་མེན་) ནང་ལུ་ ༢ ལུ་སེལ་འཐུ་འབད།

  2. སེལ་འཐུ་འབད་ཡོད་པའི་ཡིག་འབྲུའི་དོན་ལུ་ སྐབས་དོན་དཀར་ཆག་ཁ་ཕྱེ་ དེ་ལས་ ཡིག་འབྲུ་ གདམ་ཁ་རྐྱབས། ཁྱོད་ཀྱིས་ ཡིག་འབྲུ་ ཌའི་ལོག་འདི་མཐོང་འོང་།

  3. ཡིག་གཟུགས་ཀྱི་གནས་ས་ མཆོང་ལྡེ་གུ་ཨེབ་གཏང་འབད།

  4. འོག་ཡིག་ གདམ་ཁ་འདི་སེལ་འཐུ་འབད་ཞིནམ་ལས་ བཏུབ་གུ་ཨེབ་གཏང་འབད།

Please support us!