LibreOffice 25.2 Help
ཁྱོད་ཀྱིས་ ཤོག་ཁྲམ་གུ་གི་ནང་ཐིག་ཁྱབ་ཚད་ག་འདི་དཔར་བསྐྲུན་འབད་ནི་ཨིན་ན་ ངེས་འཛིན་འབད་བཏུབ།
ངེས་འཛིན་འབད་ཡོད་པའི་དཔར་བསྐྲུན་ཁྱབ་ཚད་འདི་གི་ཡན་ལག་མེན་མི་ ལེབ་གྲངས་གུའི་ནང་ཐིག་འདི་ཚུ་ དཔར་བསྐྲུན་དང་ཕྱིར་འདྲེན་མ་འབད་བས། ངེས་འཛིན་འབད་ཡོད་པའི་དཔར་བསྐྲུན་ཁྱབ་ཚད་མེད་མི་ལེབ་གྲངས་ཚུ་ ཡིག་ཆ་འདི་གི་ཨེགསི་སེལ་ཡིག་སྣོད་རྩ་སྒྲིག་ལག་ལེན་མ་འཐབ་ཚུན་ པི་ཌི་ཨེཕ་ཡིག་སྣོད་ལུ་དཔར་བསྐྲུན་དང་ཕྱིར་འདྲེན་མི་འབད།
ཨེགསི་སེལ་རྩ་སྒྲིག་ནང་ཁ་ཕྱེ་ཡོད་པའི་ཡིག་སྣོད་ཚུ་གི་དོན་ལུ་ ངེས་འཛིན་འབད་ཡོད་པའི་དཔར་བསྐྲུན་ཁྱབ་ཚད་མེད་མི་ལེབ་གྲངས་ཚུ་ཆ་མཉམ་ དཔར་བསྐྲུན་འབད་ཡོད། སྤྱོད་ལམ་གཅིག་པ་འདི་ ཁྱོད་ཀྱིས་ཨེགསི་སེལ་རྩ་སྒྲིག་འབད་འབད་བའི་ཤོག་ཁྲམ་འདི་ པི་ཌི་ཨེཕ་ཡིག་སྣོད་ལུ་ཕྱིར་འདྲེད་འབད་བའི་སྐབས་འབྱུངམ་ཨིན།
ཁྱོད་ར་གིས་ དཔར་བསྐྲུན་འབད་དགོ་མནོ་མི་ ནང་ཐིག་ཚུ་སེལ་འཐུ་འབད།
རྩ་སྒྲིག་ - དཔར་བསྐྲུན་ཁྱབ་ཚད་ - ངེས་འཛིན་ གདམ་ཁ་རྐྱབས།
ཡོད་བཞིན་པའི་དཔར་བསྐྲུན་ཁྱབ་ཚད་ལུ་ཁ་སྐོང་འབད་ནི་ཨིན་པའི་ནང་ཐིག་ཚུ་ སེལ་འཐུ་འབད།
རྩ་སྒྲིག་ - དཔར་བསྐྲུན་ཁྱབ་ཚད་ - ཁ་སྐོང་ གདམ་ཁ་རྐྱབས།
རྩ་སྒྲིག་ - དཔར་བསྐྲུན་ཁྱབ་ཚད་ - ཁ་སྐོང་ གདམ་ཁ་རྐྱབས།
ཤོག་མཚམས་སྔོན་ལྟ་ ནང་ དཔར་བསྐྲུན་ཁྱབ་ཚད་ དེ་གིས་མ་ཚད་པར་ ཤོག་མཚམས་མངའ་ཁོངས་ཚུ་ མཐའ་མཚམས་ཧོནམ་གྱིས་ མཐའ་ཐིག་བཟོ་ཡོདཔ་དང་ སྦུག་ནང་བཙུགས་ཡོད་པའི་ཤོག་ཨང་སྐྱ་ཐལ་ཡོདཔ་ཨིན། དཔར་བསྐྲུན་མ་ཡིན་པའི་མངའ་ཁོངས་ཚུ་ལུ་ སྐྱ་ཐལ་རྒྱབ་གཞི་ཅིག་ཡོདཔ་ཨིན།
ཤོག་མཚམས་མངའ་ཁོངས་གསརཔ་ཅིག་ ངེས་འཛིན་འབད་ནིའི་དོན་ལུ་ མཐའ་མཚམསའདི་གནས་ཁོངས་གསརཔ་ཅིག་ནང་འདྲུད། དེ་ངེས་འཛིན་འབད་བའི་སྐབས་ རང་བཞིན་ཤོག་མཚམས་འདི་ ལག་དེབ་ཤོག་མཚམས་ཀྱིས་ ཚབ་བཙུགས་འབདཝ་ཨིན།
མཐོང་སྣང་ - ཤོག་མཚམས་སྔོན་ལྟ་ གདམ་ཁ་རྐྱབས།
ཤོག་མཚམས་སྔོན་ལྟ་ གི་སྔོན་སྒྲིག་རྒྱས་ཟུམ་ཆ་རྐྱེན་ བསྒྱུར་བཅོས་འབད་ནི་ལུ་ གནས་ཚད་ ཕྲ་རིང་གུ་གུའི་བརྒྱ་ཆ་བེ་ལུ་གུ་ ཨེབ་གཏང་འབད་ དེ་ལས་ རྒྱས་ཟུམ་ཆ་རྐྱེན་གསརཔ་ཅིག་སེལ་འཐུ་འབད།
དཔར་བསྐྲུན་ཁྱབ་ཚད་ ཞུན་དག་འབད།
དཔར་བསྐྲུན་ཁྱབ་ཚད་ཀྱི་ཚད་ བསྒྱུར་བཅོས་འབད་ནི་ལུ་ ཁྱབ་ཚད་ཀྱི་མཐའ་མཚམས་ཅིག་ གནས་ཁོངས་གསརཔ་ཅིག་ནང་འདྲུད།
དཔར་བསྐྲུན་ཁྱབ་ཚད་ནང་ཡོད་པའི་ ལག་དེབ་ཤོག་མཚམས་ཅིག་བཏོན་གཏང་དགོ་པ་ཅིན་ ཤོག་མཚམས་ཀྱི་མཐའ་མཚམས་འདི་ དཔར་བསྐྲུན་ཁྱབ་ཚད་ཀྱི་ཕྱི་ཁར་འདྲུད།
དཔར་བསྐྲུན་ཁྱབ་ཚད་འདི་བསལ་ནི་གི་དོན་ལུ་ ཁྱབ་ཚད་ཀྱི་མཐའ་མཚམས་ཅིག་ ཁྱབ་ཚད་ཀྱི་རྒྱབ་འགལ་མཐའ་མཚམས་གུ་འདྲུད།
ཤོག་ལེབ་རྒྱུན་ཆད་སྔོན་ལྟ་འདི་ཕྱིར་ཐོན་འབད་ནི་དོན་ལུ་ སྟོན་ - སྤྱིར་གཏང་གདམ་ཁ་བརྐྱབ།