དཔར་བསྐྲུན་དོན་ལུ་ ཤོག་ལེབ་ཀྱི་ཨང་གྲངས་ངེས་འཛིན་འབད་དོ་

དཔར་བསྐྲུན་འབད་ཡོད་པའི་ཤོག་ལེབ་རྐྱང་པ་ཅིག་ལུ་ ལེབ་གྲངས་འདི་སྦོམ་དྲགས་པ་ཅིན་ LibreOffice ཀེལཀི་གིས་ ཤོག་ལེབ་ལེ་ཤ་ཅིག་ལུ་ཆ་ཅན་སྦེ་བགོ་བཤའ་རྐྱབ་སྟེ་ ད་ལྟོའི་ལེབ་གྲངས་དཔར་བསྐྲུན་འབད་འོང་། རང་བཞིན་ཤོག་ལེབ་ཀྱི་མཚམས་འདི་ཨ་རྟག་ར་ གང་དྲག་གནས་ས་ནང་མེདཔ་ལས་ ཤོག་ལེབ་བགོ་བཀྲམ་འདི་ཁྱོད་རང་གིས་ ངེས་འཛིན་འབད་བཏུབ།

  1. དཔར་བསྐྲུན་འབད་དགོ་པ་ཅིན་ ལེབ་གྲངས་ལུ་འགྱོ།

  2. མཐོང་སྣང་ - ཤོག་མཚམས་སྔོན་ལྟ་ གདམ་ཁ་རྐྱབས།

  3. ལེབ་གྲངས་རང་བཞིན་བགོ་བཀྲམ་འདི་ དཔར་བསྐྲུན་ཤོག་ལེབ་གེ་ར་ལུ་ ཁྱོད་ཀྱིས་མཐོང་འོང་། རང་བཞིན་གྱིས་ གསར་བསྐྲུན་འབད་ཡོད་པའི་དཔར་བསྐྲུན་ཁྱབ་ཚད་ཚུ་ སྔོན་ནག་གྲལ་ཐིག་དང་ ལག་ལེན་པ་-ངེས་འཛིན་འབད་ཡོད་མི་ཚུ་ སྔོ་སྐྱ་གིས་ བརྡ་སྟོན་འབདཝ་ཨིན། ཤོག་མཚམས་(གྲལ་ཐིག་མཚམས་དང་ཀེར་ཐིག་མཚམས་)ཚུ་ ནག་ཐིག་གིས་ རྟགས་བཀལཝ་ཨིན།

  4. སྔོན་ཐིག་འདི་ མཱའུསི་གི་ཐོག་ལས་ སྤོ་བཤུད་འབད་ཚུགས། ཁྱོད་ཀྱིས་ ཁ་སྐོང་ཅན་གྱི་དཔར་བསྐྲུན་ཁྱབམ་ཚད་ཁ་སྐོང་རྐྱབ་ནི་ ཆ་ཚད་རྩ་བསྐྲད་གཏང་ནི་དང་ ཁ་སྐོང་ཅན་གྱི་ལག་དེབ་གྲལ་ཐིག་བཙུགས་ནི་ དེ་ལས་ཀེར་ཐིག་མཚམས་བཅས་ སྐབས་དོན་དཀར་ཆག་ནང་ གདམ་ཁ་ཧེང་བཀལ་མཐོང་ཚུགས།

Please support us!