མེ་ཊིགསི་མན་ངག་བཙུགས་་དོ་

འོག་གི་འདི་ མེ་ཊིཀསི་ལས་འགན་གྱི་རྒྱས་བཤད་ནང་མ་འགྱོ་བར་ མེ་ཊིཀསི་མན་ངག་ཅིག་ག་དེ་སྦེ་བཙུགས་ནི་ཨིན་ནའི་དཔེ་ཨིན།

ཁྱོད་ཀྱིས་ ཀེར་ཐིག་ ཨེ་དང་བི་(ཨེ་ ༡:ཨེ་ ༡༠ དང་ བི་ ༡ :བི་ ༡༠) ནང་ ཨང་གྲངས་བཅུ་ཐམས་བཙུགས་ཡོདཔ་དང་ ཀེར་ཐིག་ སི་ ནང་ལུ་ གྲལ་ཐིག་རེ་རེའི་དངུལ་བསྡོམས་རྩིས་སྟོན་ནི་ཨིན་པའི་དབང་ལུ་གཏང་།

  1. མཱའུསི་ལག་ལེན་འཐབ་ཐོག་ལས་ གྲུབ་འབྲས་ཚུ་བཀྲམ་སྟོན་འབད་ནི་ཨིན་པའི་ཁྱབ་ཚད་ སི་ ༡ : སི་ ༡༠ འདི་སེལ་འཐུ་འབད།

  2. ཨེཕ་ ༢་ ལུ་ཨེབས་ ཡང་ན་ མན་ངག་ཕྲ་རིང་གི་ཨིན་པུཊི་གྲལ་ཐིག་ནང་ལུ་ཨེབ་གཏང་འབད།

  3. མཉམ་རྟགས་ (=)བཙུགས།

  4. དངུལ་བསྡོམས་མན་ངག་གི་དོན་ལུ་ བེ་ལུསི་དང་པམ་དང་ལྡན་པའི་ཁྱབ་ཚད་ ཨེ་ ༡ : ཨེ་ ༡༠ འདི་སེལ་འཐུ་འབད།

  5. ཨང་གྲངས་ལྡེ་གདན་ནང་ལས་ (+) ལྡེ་མིག་ལུ་ཨེབས།

  6. ཨང་གྲངས་ཚུ་ ནང་ཐིག་ བི་ ༡ : བི་ ༡༠ ནང་གི་ ཀེར་ཐིག་གཉིས་པམ་ནང་སེལ་འཐུ་འབད།

  7. མེ་ཊིཀསི་ལྡེ་མིག་མཉམ་མཐུད་དང་གཅིག་ཁར་ཨིན་པུཊི་མཇུག་བསྡུ་: སོར་ལྡེ་++བཙུགས།

མེ་ཊིཀསི་མངའ་ཁོངས་འདི་ལེགས་བཅོས་འབད་ནི་ལས་ ཉེན་སྐྱོབ་འབད་ཡི་ དཔེར་ན་ གྲལ་ཐིག་ ཡངན་ ཀེར་ཐིག་ཚུ་བཏོན་གཏང་ནི། དེ་འབདཝ་ལས་ རྩ་སྒྲིག་གང་རུང་ཞུན་དག་འབད་བཏུབ་ དཔེར་ན་ ནང་ཐིག་རྒྱབ་གཞི་བཟུམ།

Please support us!