དཔྱ་ཕྲན་བཙུགས་དོ་

ཁྱོད་ཀྱིས་ ནང་ཐིག་གཅིག་ནང་ དཔྱ་ཕྲན་བཟོ་བཏུབ་པའི་ཨང་གྲངས་ཅིག་བཙུགས་བཏུབ་པའི་ཁར་ རྩིས་སྟོན་གྱི་དོན་ལུ་ཡང་ ལག་ལེན་འཐབ་བཏུབ་ཨིན།

ཁྱོད་ཀྱིས་ "0 1/2" འདི་བཙུགས་པ་ཅིན་ རང་བཞིན་ནོར་བཅོས་ཀྱིས་ ཡིག་འབྲུ་རྐྱང་པ་གིས་ཚབ་བཙུགས་འབད་ནི་ཨིན་མི་ ༡ དང་ / དེ་ལས་ ༢ བཅས་ཡིག་འབྲུ་གསུམ་ལུ་རྒྱུ་རྐྱེན་འབདཝ་ཨིན། དེ་བཟུམ་སྦེ་ ༡/༤ དང་ ༣/༤ ལུ་ཡང་འཇུག་སྤྱོད་འབདཝ་ཨིན། ཚབ་མ་འདི་ ལག་ཆས་ - རང་བཞིན་ནོར་བཅོས་ - ཚབ་བཙུགས་ མཆོང་ལྡེ་ནང་ ངེས་འཛིན་འབད་དེ་ཡོདཔ་ཨིན།

ཁྱོད་ཀྱིས་ "1/10" བཟུམ་གྱི་སྣ་མང་-ཨང་ཡིག་བལྟ་དགོ་མནོ་བ་ཅིན་ ནང་ཐིག་རྩ་སྒྲིག་འདི་ སྣ་མང་-ཨང་ཡིག་དཔྱ་ཕྲན་མཐོང་སྣང་ལུ་ བསྒྱུར་བཅོས་འབད་དགོ ནང་ཐིག་གི་ཚིག་ཡིག་དཀར་ཆག་ཁ་ཕྱེ་ཞིནམ་ལས་ རྩ་སྒྲིག་ནང་ཐིག་ཚུ་ གདམ་ཁ་རྐྱབས། "Fraction" འདི་ དབྱེ་རིམ་ ས་སྒོ་ནང་ལས་ སེལ་འཐུ་འབད་ དེ་ལས་ "-1234 10/81" སེལ་འཐུ་འབད། དེ་ལས་དོ་རུང་ ༡༢/༣༡ ཡང་ན་ ༡༢/༣༢ བཟུམ་གྱི་དཔྱ་ཕྲན་ཚུ་བཙུགས་- དཔྱ་་ཕྲན་ཚུ་རང་བཞིན་གྱིས་མར་ཕབ་འབད་འོང་ དེ་འབདཝ་ལས་ མཇུག་གི་དཔེའི་ནང་ ཁྱོད་ཀྱིས་ ༣༨/༨ འདི་མཐོང་ཚུགས།

Please support us!