མན་ངག་ཚུ་འདྲ་བཤུས་རྐྱབ་དོ་

མན་ངག་འདྲ་བཤུས་འབད་ནི་གི་ཐབས་ལམ་ལེ་ཤ་ར་ཡོདཔ་ཨིན། བསམ་འཆར་བཀོད་ཡོད་པའི་ཐབས་ལམ་གཅིག་འདི་:

  1. མན་ངག་དང་ལྡན་པའི་ནང་ཐིག་ སེལ་འཐུ་འབད།

  2. ཞུན་དག་ - འདྲ་བཤུས་གདམ་ཁ་རྐྱབས་ ཡང་ན་ + C འདི་འདྲ་བཤུས་རྐྱབས་ནིའི་དོན་ལས་ཨེབ།

  3. ཁྱོད་ཀྱིས་ མན་ངག་འདྲ་བཤུས་བརྐྱབ་དགོ་མནོ་མི་ནང་ཐིག་འདི་ སེལ་འཐུ་འབད།

  4. ཞིན་དག་ - སྦྱར་གདམ་ཁ་རྐྱབས་ ཡང་ན་ +V ཨེབ། མན་ངག་འདི་ ནང་ཐིག་གསརཔ་ནང་ལུ་གནས་ས་བཟོ་འོང་།

སྣ་མང་ནང་ཐིག་ནང་ མན་ངག་ཅིག་འདྲ་བཤུས་བརྐྱབ་དགོ་མནོ་བ་ཅིན་ ཉེ་འདབ་ནང་ཐིག་མངའ་ཁོངས་ཚུ་ནང་འདྲ་བཤུས་བརྐྱབ་ནིའི་ཐབས་ཤེས་མགྱོགས་དྲགས་ཅིག་ཡོད་:

  1. མན་ངག་དང་ལྡན་པའི་ནང་ཐིག་ སེལ་འཐུ་འབད།

  2. གཙོ་དམིགས་འབད་ཡོད་པའི་མཐའ་མཚམས་ནང་ཐིག་གི་གཤམ་གྱི་གཡས་ལུ་ མཱའུསི་གི་གནས་ས་བཟོ་ཞིནམ་ལས་ དཔག་བྱེད་འདི་ ཀོརོསི་-ཧེའར་ལུ་བསྒྱུར་བཅོས་མ་འབད་ཚུན་ མཱའུསི་ཨེབ་རྟ་འདི་བཟུང་བཞག

  3. མཱའུསི་ཨེབ་རྟ་ལུ་ཨེབ་པའི་ཐོག་ལས་ དེ་མར་འདྲུད་ ཡང་ན་ ཁྱོད་ཀྱིས་ མན་ངག་འདྲ་བཤུས་བརྐྱབ་དགོ་མནོ་མི་ ནང་ཐིག་གི་ལྟག་ལས་གཡས་ཁ་ཐུག་ལུ་འདྲུད།

  4. མཱའུསི་ཨེབ་རྟ་འདི་འཛིན་གྲོལ་འབད་བའི་སྐབས་ལུ་ མན་ངག་འདི་ནང་ཐིག་ནང་འདྲ་བཤུས་དང་རང་བཞིན་གྱིས་ བདེ་སྒྲིག་འབད་འོང་།

ཁྱོད་ཀྱིས་གནས་གོང་ཚུ་དང་ཚིག་ཡིག་ཚུ་ རང་བཞིན་གྱིས་བདེ་སྒྲིག་འབད་མ་དགོ་ནི་ཨིན་པ་ཅིན་ ལྡེ་མིག་འདི་ འདྲུད་པའི་སྐབས་འཆང་བཞག། མན་ངག་ཚུ་ གང་ལྟར་ཡང་ ཨ་རྟག་རང་འཁྲིལ་ཏེ་བདེ་སྒྲིག་འབདཝ་ཨིན།

Please support us!