བཅུ་ཚག་དང་བཅས་ཨང་གྲངས་ཚུ་ རྩ་སྒྲིག་འབད་དོ་

ལེབ་གྲངས་ནང་ཨང་གྲངས་བཙུགས་ དཔེར་ན་ ༡༢༣༤་༥༦༧༨། ཨང་གྲངས་འདི་ བཅུ་ཚག་ས་གནས་གཉིས་དང་གཅིག་ཁར་ སྔོན་སྒྲིག་ཨང་གྲངས་རྩ་སྒྲིག་ནང་ལུ་ བཀྲམ་སྟོན་འབད་འོང་། ཐོ་བཀོད་འདི་ངེས་དཔྱད་འབད་བའི་སྐབས་ལུ་ ༡༢༣༤་༥༧ འདི་མཐོང་འོང་། ཡིག་ཆ་ནང་བཀྲམ་སྟོན་འབད་མི་རྐྱངམ་ཅིག་ ཧྲིལ་ཨང་བཟོ་ཚུགས་ བཅུ་ཚག་ས་ཚིགས་ཀྱི་ཤུལ་ལུ་ ཨང་གྲངས་ཚུ་ནང་ལུ་སྦེ་ བཅུ་ཚག་ས་གནས་བཞིཔ་ཆ་མཉམ་ར་ བདག་བཟུང་འབདཝ་ཨིན།

ཨང་གྲསང་ཚུ་བཅུ་ཚག་དང་བཅས་ རྩ་སྒྲིག་འབད་ནི་ལུ་:

  1. ཨང་གྲངས་ལུ་འོད་རྟགས་གཞི་སྒྲིག་འབད་ཞིནམ་ལས་ རྩ་སྒྲིག་ནང་ཐིག་ ཌའི་ལོག་འགོ་བཙུགས་ནི་གི་དོན་ལུ་ རྩ་སྒྲིག་ - ནང་ཐིག་ཚུ་ གདམ་ཁ་རྐྱབས།

  2. ཁྱོད་ཀྱིས་ ཨང་གྲངས་ མཆོང་ལྡེ་གུ་ སྔ་གོང་ལས་ངེས་འཛིན་འབད་ཡོད་པའི་ཨང་གྲངས་རྩ་སྒྲིག་ཚུ་ མཐོང་ཚུགས། དོ་རུང་ ཌའི་ལོག་གི་གཤམ་གྱི་གཡས་ལུ་ ཁྱོད་ཀྱིས་ དེ་ལུ་དམིགས་བསལ་གྱི་རྩ་སྒྲིག་ཅིག་བྱིན་པ་ཅིན་ ད་ལྟོའི་ཨང་གྲངས་འདི་ག་དེ་སྦེ་མཐོང་ནི་ཨིན་ནའི་སྔོན་ལྟ་ཅིག་ མཐོང་ཚུགས།

ངོས་པར་

ཁྱོད་ཀྱིས་ བཀྲམ་སྟོན་འབད་ཡོད་པའི༌བཅུ་ཚག་ས་གནས་ཀྱི་ཨང་གྲངས་ཚུ་རྐྱངམ་ཅིག་ལེགས་བཅོས་འབད་དགོ་མནོ་བ་ཅིན་ ཐབས་ལམ་འཇམ་ཤོས་ར་ ཨང་གྲངས་རྩ་སྒྲིག་འདི་ལག་ལེན་འཐབ་ནི་དང་ : བཅུ་ཚག་ས་གནས་ ཡང་ན་ ཨངགྲངས་རྩ་སྒྲིག་ཁ་སྐོང་བརྐྱབ་ནི་: དེ་ལས་ རྩ་སྒྲིག་ཕྲ་རིང་གུ་ བཅུ་ཚག་ས་གནས་ ངོས་པར་ཚུ་བཏོན་གཏང་ནི་འདི་ཨིན།

Please support us!