ནང་ཐིག་ཁྱབ་ཚད་ཚུ་བཙགས་དོ་

ཁྱོད་ཀྱིས་ ཤོག་ཁྲམ་ཚུ་ནང་ ཚགས་མ་ནང་ཐིག་ཁྱབ་ཚད་ཚུ་ལུ་ ཚགས་མ་ལེ་ཤ་ཅིག་ལག་ལེན་འཐབ་བཏུབ། ཚད་ལྡན་ཚགས་མ་ཅིག་གིས་ ཁྱོད་ཀྱིས་གནད་སྡུད་འདི་བཙགས་ནིའི་དོན་ལས་གསལ་བཀོད་འབད་མི་གདམ་ཁ་འདི་ལག་ལེན་འཐབ་ཨིན། དམིགས་བསལ་གྱི་གནས་གོང་ཡང་ན་ཡིག་རྒྱུན་ཅིག་དང་འཁྲིལ་ཏེ་ རང་བཞིན་ཚགས་མའི་གནད་སྡུད། མཐོ་རིམ་ཚགས་མ་ཅིག་གིས་ གསལ་བཀོད་འབད་ཡོད་པའི་ནང་ཐིག་ཚུ་ལས་ ཚགས་མའི་ཁྱད་ཚད་ལག་ལེན་འཐབ་ཨིན།

ཚད་ལྡན་ཚགས་མ་ཅིག་ ནང་ཐིག་ཁྱབ་ཚད་ཅིག་ལུ་འཇུག་སྤྱོད་འབད་ནིའི་དོན་ལས་

  1. ནང་ཐིག་ཁྱབ་ཚད་ཅིག་ནང་ཨེབ་གཏང་།

  2. Choose Data - More Filters - Standard Filter.

  3. ཚད་ལྡན་ཚགས་མ་ ཌའི་ལོག་ནང་ ཁྱོད་ཀྱིས་དགོ་མི་ཚགས་མའི་གདམ་ཁ་འདི་གསལ་བཀོད་འབད།

  4. བཏུབ་ གུ་ཨེབ་གཏང་འབད།

    ཚགས་མའི་གདམ་ཁ་དང་མཐུན་སྒྲིག་ཡོད་མི་དྲན་ཐོ་ གསལ་བཀོད་འབད་ཡོད་མི་ཚུ་ སྟོན་ཡི།

རང་བཞིན་ཚགས་མ་ཅིག་ ནང་ཐིག་ཁྱབ་ཚད་ཅིག་ལུ་འཇུག་སྤྱོད་འབད་ནིའི་དོན་ལས་

  1. ནང་ཐིག་ཁྱབ་ཚད་ཅིག་ ཡང་ན་གནད་སྡུད་གཞི་རྟེན་ཁྱབ་ཚད་ཅིག་ནང་ལུ་ཨེབ་གཏང་།

    ཊི་ཨའི་པི་ངོས་དཔར།

    ཁྱོད་ཀྱིས་སྣ་མང་རང་བཞིན་ཚགས་མ་ཚུ་ ལེབ་གྲངས་གཅིག་པ་ལུ་འཇུག་སྤྱོད་འབད་ནི་ཨིན་པ་ཅིན་ ཁྱོད་ཀྱིས་དང་པ་རང་གནད་སྡུད་གཞི་རྟེན་ཁྱབ་ཚད་ཚུ་ངེས་འཛིན་འབད་དགོ་ དེ་ལས་ རང་བཞིན་ཚགས་མ་འདི་ གནད་སྡུད་གཞི་རྟེན་ཁྱབ་ཚད་ཚུ་ལུ་འཇུག་སྤྱོད་འབད་དགོ།


  2. Choose Data - AutoFilter.

    མདའ་རྟགས་ཨེབ་རྟ་འདི་ གནད་སྡུད་གཞི་རྟེན་གྱི་ཁྱབ་ཚད་ནང་སྦེ་ ཀེར་ཐིག་རེ་རེའི་མགོ་ལུ་ ཁ་སྐོང་བརྐྱབས་ཅི།

  3. ཀེར་ཐིག་ནང་ ཁྱོད་ཀྱིས་ ཚགས་མའི་ཁྱད་ཚད་སྦེ་གཞི་སྒྲིག་འབད་དགོ་མནོ་མི་ བེ་ལུ་ ཡངན་ ཡིག་རྒྱུན་དང་ལྡན་པའི་མདའ་རྟགས་ཨེབ་རྟ་གུ་ ཨེབ་གཏང་འབད།

  4. ཚགས་མའི་་ཁྱད་ཚད་སྦེ་ལག་ལེན་འཐབ་དགོ་མནོ་མི་ བེ་ལུ་ ཡངན་ ཡིག་རྒྱུན་སེལ་འཐུ་འབད།

    ཚགས་མའི་ཁྱད་ཚད་དང་མཐུན་སྒྲིག་ཡོད་པའི་སེལ་འཐུ་འབད་ཡོད་མི་དྲན་ཐོ་ཚུ་ སྟོན་ཡི།

ཚགས་མ་ཅིག་ ནང་ཐིག་ཁྱབ་ཚད་ཅིག་ལས་རྩ་བསྐྲད་གཏང་ནིའི་དོན་ལས་

  1. བཙགས་ཡོད་པའི་ནང་ཐིག་ཁྱབ་ཚད་ཆིག་ནང་ཨེབ་གཏང་།

  2. གནད་སྡུད་ - ཚགས་མ་ - རག་བཞིན་ཚགས་མ་ གདམ་ཁ་རྐྱབས།

Please support us!