གནད་སྡུད་གཞི་རྟེན་གྱི་ཁྱབ་ཚད་ཅིག་ ངེས་འཛིན་འབད་དོ་

ཁྱོད་ཀྱིས་ ནང་ཐིག་ཁྱབ་ཚད་ཅིག་ གནད་སྡུད་གཞི་རྟེན་སྦེ་ལག་ལེན་འཐབ་ནི་གི་དོན་ལུ་ ཤོག་ཁྲམ་ཅིག་ནང་ངེས་འཛིན་འབདཝ་ཨིན། གནད་སྡུད་གཞི་རྟེན་གྱི་ཁྱབ་ཚད་ཀྱི་གྲལ་ཐིག་རེ་རེ་བཞིན་ གནད་སྡུད་གཞི་རྟེན་གྱི་དྲན་ཐོ་དང་ཆ་མཉམ་ཨིནམ་དང་ གྲལ་ཐིག་ནང་གི་ནང་ཐིག་རེ་རེ་བཞིན་ གནད་སྡུད་གཞི་རྟེན་གྱི་ས་སྒོ་དང་ཆ་མཉམ་ཨིན། ཁྱོད་ཀྱིས་ གནད་སྡུད་གཞི་རྟེན་ནང་བཟུམ་སྦེ་ དབྱེ་སེལ་དང་སྡེ་ཚན་བཟོ་ནི་ དེ་ལས་གཞན་འཚོལ་ཞིབ་དང་ཁྱབ་ཚད་གུ་ལུ་རྩིས་སྟོན་འབད་ཚུགས།

ཉེན་བརྡའི་ངོས་དཔར།

ཁྱོད་ཀྱིས་ ཞུན་དག་རྐྱངམ་ཅིག་འབད་ཚུགསཔ་དང་ ཁྱབ་ཚད་དང་ལྡན་པའི་ཤོག་ཁྲམ་ནང་ལུ་ གནད་སྡུད་གཞི་རྟེན་གྱི་ཁྱབ་ཚད་ཅིག་འཛུལ་སྤྱོད་འབད་ཚུགས། དེ་འབདཝ་ད་ གནད་སྡུད་གཞི་རྟེན་གྱི་ཁྱབ་ཚད་འདི་ LibreOffice གནད་སྡུད་འབྱུང་ཁུངས་ཀྱི་མཐོང་སྣང་ནང་ལུ་ འཛུལ་སྤྱོད་འབད་མི་ཚུགས།


གནད་སྡུད་གཞི་རྟེན་གྱི་ཁྱབ་ཚད་ཅིག་ ངེས་འཛིན་འབད་ནི་ལུ་

  1. གནད་སྡུད་གཞི་རྟེན་གྱི་ཁྱབ་ཚད་སྦེ་ངེས་འཛིན་འབད་དགོ་མནོ་མི་ ནང་ཐིག་གི་ཁྱབ་ཚད་སེལ་འཐུ་འབད།

  2. གནད་སྡུད་ - ཁྱབ་ཚད་ངེས་འཛིན་འབད་ གདམ་ཁ་རྐྱབས།

  3. Name སྒྲོམ་ནང་ལུ་ གནད་སྡུད་གཞི་རྟེན་ཁྱབ་ཚད་ཀྱི་དོན་ལུ་ མིང་ཅིག་བཙུགས།

  4. ལེ་ཤ་ གུ་ཨེབ་གཏང་འབད།

  5. གནད་སྡུད་གཞི་རྟེན་ཁྱབ་ཚད་ཀྱི་དོན་ལུ་ གདམ་ཁ་ཚུ་གསལ་བཀོད་འབད།

  6. བཏུབ་ གུ་ཨེབ་གཏང་འབད།

Please support us!