LibreOffice 25.2 Help
ལྷད་རྟགས་ཀྱིས་སོ་སོ་འཕྱལ་བའི་བེ་ལུསི་(སི་ཨེསི་ཝི་) ཡིག་སྣོད་ཚུ་ ལེབ་གྲངས་རྐྱང་པའི་ནང་ཐིག་ནང་དོན་དང་ལྡན་པའི་ཚིག་ཡིག་ཡིག་སྣོད་ཨིན། ལྷད་རྟགས་དང་ སེ་མི་ཀོ་ལཱོན་ ཡང་ན་ ཡིག་འབྲུ་གཞན་ཚུ་ ནང་ཐིག་བར་ན་ ས་སྒོའི་དབྱེ་རྟགས་སྦེ་ལགལེན་འཐབ་བཏུབ། ཚིག་ཡིག་ཡིག་རྒྱུན་ཚུ་ འདྲེན་རྟགས་ནང་བཙུགསཔ་ཨིནམ་དང་ ཨང་གྲངས་ཚུ་འདྲེན་རྟགས་མེད་པར་བྲིསཝ་ཨིན།
ཡིག་སྣོད་ - ཁ་ཕྱེ་ གདམ་ཁ་རྐྱབས།
ཡིག་སྣོད་དབྱེ་བ་ ས་སྒོ་ནང་ རྩ་སྒྲིག་ "Text CSV" སེལ་འཐུ་འབད། ཡིག་སྣོད་སེལ་འཐུ་འབད་དེ་ ཁ་ཕྱེ་ གུ་ཨེབ་གཏང་འབད། ཡིག་སྣོད་ཅིག་ལུ་ .csv རྒྱ་བསྐྱེད་ཡོད་པའི་སྐབས་ལུ་ ཡིག་སྣོད་དབྱེ་བ་འདི་རང་བཞིན་གྱིས་ ངོས་འཛིན་འབད་ཚུགས།
You will see the
dialog. Click .If the csv file contains formulas, but you want to import the results of those formulas, then choose LibreOffice - PreferencesTools - Options - LibreOffice Calc - View and clear the Formulas check box.
ལེབ་གྲངས་འདི་ སི་ཨེེསི་ཝི་ཡིག་སྣོད་སྦེ་འབྲི་ནི་ལུ་ ཨེབ་གཏང་འབད།
ཁྱོད་ཀྱིས་ མན་ངག་ཚུ་མན་ངག་སྦེ་ཕྱིར་འདྲེན་འབད་དགོ་མནོ་བ་ཅིན་ དཔེར་ན་ འབྲི་ཤོག་ནང་ =SUM(A1:B5) འོག་གི་ཚུ་བཟུམ་སྦེ་འཕྲོ་མཐུད་འབད་:
བརྡ་བཀོད་ ཚད་འཛིན་+ཨེཕ་༦ དང་བཅས་ཡིག་ཆ་སེལ་འཐུ་འབད་ཞིནམ་ལས་ མཆོང་ལྡེ་ལུ་ཨེབས།
Display བཀྲམ་སྟོན་འོག་ལུ་ མན་ངག་ ཞིབ་དཔྱད་སྒྲོམ་གུ་རྟགས་བཀལ། བཏུབ་ གུ་ཨེབ་གཏང་འབད།
ཁྱོད་ཀྱིས་ མན་ངག་གི་ཚབ་ལུ་ རྩིས་སྟོན་གྲུབ་འབྲས་ཕྱིར་འདྲེན་འབད་ནི་ཨིན་པ་ཅིན་ མན་ངག་ གུ་རྟགས་བཀལ་ནི་མི་འོང་།
ཡིག་སྣོད་ - བཟུམ་སྦེེ་སྲུངས་ གདམ་ཁ་རྐྱབས། ཁྱོད་ཀྱིས་ བཟུམ་སྦེ་སྲུངས་ ཌའི་ལོག་མཐོང་ཚུགས།
In the
field select the format "Text CSV".མིང་ཅིག་བཙུགས་ཞིནམ་ལས་ སྲུང་ནི་ གུ་ཨེབ་གཏང་འབད།
ཚིག་ཡིག་ཡིག་སྣོད་ ཕྱིར་འདྲེན་འབད་ནིའི་ ཌའི་ལོག་ནང་ལས་ དེ་འབྱུངམ་ཨིན་ གནད་སྡུད་ཕྱིར་འདྲེན་འབད་ནི་ལུ་ ཡིག་འབྲུའི་ཆ་ཚན་དང་ས་སྒོ་ དེ་ལས་ཚིག་ཡིག་དབྱེ་རྟགས་སེལ་འཐུ་འབད་འབད་ཞིནམ་ལས་ བཏུབ་ ཀྱིས་ངེས་དཔྱད་འབད།
ཁག་ཆེཝ་ཨིན་པ་ཅིན་ དེ་སྲུངས་པའི་ཤུལ་མ་ རྩིས་སྟོན་འབད་ཡོད་པའི་གྲུབ་འབྲས་ཚུ་ དོ་རུང་ལོག་སྟེ་ཐིག་ཁྲམ་ནང་བལྟ་ནིའི་དོན་ལུ་ མན་ངག་ ཞིབ་དཔྱད་སྒྲོམ་འདི་བསལ།