LibreOffice 25.2 Help
རྩ་བརྟན་བཟོ་བའི་སྐབས་ལུ་ ལེབ་གྲངས་ལེ་ཤ་ཅིག་ནང་ལས་ཨིན་མི་ ནང་ཐིག་གི་ནང་དོན་ཚུ་ ས་གནས་སོ་སོར་ཅིག་ནང་ལུ་ མཉམ་མུཐད་འབད་དེ་བཞག་འོང་།
རྩ་བརྟན་བཟོ་ནི་ཨིན་མི་ནང་ཐིག་ཁྱབ་ཚད་དང་ལྡན་པའི་ཡིག་ཆ་ ཁ་ཕྱེ།
གདམ་ཁ་བརྐྱབ་ རྩ་བརྟན་བཟོ་ནི་ ཌའི་ལོག།
ཁ་ཕྱེ་ནི་ལུ་འབྱུང་ཁུངས་གནད་སྡུད་མངའ་ཁོངས་སྒྲོམ་ནང་ལས་ མངའ་ཁོངས་སོ་སོ་དང་རྩ་བརྟན་བཟོ་ནི་གི་དོན་ལུ་ འབྱུང་ཁུངས་ནང་ཐིག་ཁྱབ་ཚད་ཅིག་སེལ་འཐུ་འབད།
ཁྱབ་ཚད་འདི་མིང་མ་བཏགས་པ་ཅིན་ འབྱུང་ཁུངས་གནད་སྡུད་མངའ་ཁོངས་ ཀྱི་སྦོ་ལོགས་ཁར་ ནང་ཐིག་ནང་ ཨེབ་གཏང་འབད། འགུལ་ཅན་ཚིག་ཡིག་འོད་རྟགས་ཅིག་འབྱུངམ་ཨིན། འབྱུང་ཁུངས་གནད་སྡུད་ཁྱབ་ཚད་དང་པམ་གྱི་དོན་ལུ་ གཞི་བསྟུན་ཅིག་ཡིག་དཔར་རྐྱབས་ ཡང་ན་ མཱའུསི་གི་ཐོག་ལས་ ཁྱབ་ཚད་སེལ་འཐུ་འབད།
རྩ་བརྟན་མངའ་ཁོངས་ ས་སྒོའི་ནང་ སེལ་འཐུ་འབད་ཡོད་པའི་ཁྱབ་ཚད་བཙུགས་ནིའི་དོན་ལས་ ཁ་སྐོང་ གུ་ཨེབ་གཏང་འབད།
ཁ་སྐོང་ཅན་གྱི་ཁྱབ་ཚད་ཚུ་སེལ་འཐུ་འབད་ཞིནམ་ལས་ སེལ་འཐུ་རེ་རེ་བཞིན་གྱི་ཤུལ་མ་ ཁ་སྐོང་ གུ་ཨེབ་གཏང་འབད།
ཁྱོད་ཀྱིས་ གྲུབ་འབྲས་ག་སྟེ་ལུ་བཀྲམ་སྟོན་འབད་ནི་ཨིན་ན་ འདྲ་བཤུས་གྲུབ་འབྲས་ལས་ སྒྲོམ་གྱི་ནང་ལས་ དམིགས་གཏད་ཁྱབ་ཚད་ཅིག་ སེལ་འཐུ་འབད་བའི་ཐོག་ལས་ གསལ་བཀོད་འབད།
ག་དེམ་ཅིག་འབད་དམིགས་གཏད་ཁྱབ་ཚད་ལུ་མིང་མ་བཏགས་པ་ཅིན་ གྲུབ་འབྲས་འདྲ་བཤུས་རྐྱབས་ ཀྱི་སྦོ་ལོགས་ཁའི་ས་སྒོ་ནང་ ཨེབ་གཏང་འབད་ དེ་ལས་དམིགས་གཏད་ཁྱབ་ཚད་ཀྱི་གཞི་བསྟུན་བཙུགས། ཐབས་གཞན་ཐོག་ལས་ མཱའུསི་ལག་ལེན་འཐབ་སྟེ་ ཁྱབ་ཚད་སེལ་འཐུ་འབད་བཏུབ་ ཡང་ན་ དམིགས་གཏད་ཁྱབ་ཚད་ཀྱི་མགུ་ལུ་ཡོད་པའི་ནང་ཐིག་གི་གཡོན་ཁ་ཐུག་ལུ་ འོད་རྟགས་ཀྱི་གནས་ས་བཟོ་བཏུབ།
ལས་འགན་ སྒྲོམ་ནང་ལས་ ལས་འགན་ཅིག་སེལ་འཐུ་འབད། ལས་འགན་འདི་གིས་ རྩ་བརྟན་ཁྱབ་ཚད་ཀྱི་བེ་ལུསི་ཚུ་ག་དེ་འབད་འབྲེལ་མཐུད་འབད་ཡོདཔ་ཨིན་ན་ གསལ་བཀོད་འབདཝ་ཨིན། "Sum" ལས་འགན་འདི་ སྔོན་སྒྲིག་སྒྲིག་སྟངས་ཨིན།
ཁྱབ་ཚད་ཚུ་རྩ་བརྟན་བཟོ་ནི་ལུ་ བཏུབ་ གུ་ཨེབ་གཏང་འབད།
ཁ་སྐོང་ཅན་གྱི་སྒྲིག་སྟངས་ཚུ་བཀྲམ་སྟོན་འབད་ནི་གི་དོན་ལུ་ རྩ་བརྟན་ ཌའི་ལོག་ནང་ ལེ་ཤ་ གུ་ཨེབ་གཏང་འབད།
དམིགས་གཏད་ཁྱབ་ཚད་ནང་ ངོ་མ་མིན་པའི་གྲུབ་འབྲས་ཚུ་བཟོ་བཏོན་འབད་མི་མན་ངག་ཚུ་བཙུགས་ནི་གི་དོན་ལུ་ འབྱུང་ཁུངས་གནད་སྡུད་ཀྱི་འབྲེལ་ལམ་ སེལ་འཐུ་འབད། གནད་སྡུད་འདི་འབྲེལ་མཐུད་བཟོ་བ་ཅིན་ འབྱུང་ཁུངས་ཁྱབ་ཚད་ནང་ལེགས་བཅོས་འབད་ཡོད་པའི་བེ་ལུསི་ག་ཅི་ར་ཨིན་རུང་ དམིགས་གཏད་ཁྱབ་ཚ་ད་ནང་ལུ་ དུས་མཐུན་བཟོ་འོང་།
དམིགས་གཏད་ཁྱབ་ཚད་ནང་གི་ཆ་མཉམ་ནང་ཐིག་གཞི་བསྟུན་ཚུ་ རིམ་མཐུད་གྲལ་ཐིག་ནང་བཙུགས་ཡོདཔ་དང་ དེ་ཚུ་རང་བཞིན་གྱིས་གོ་རིམ་ཅན་དང་མཐོང་སྣང་ལས་སྦ་ཡོདཔ། སེལ་འཐུ་འབད་ཡོད་མི་ལས་འགན་ལུ་བརྟེན་པའི་མཐའ་མཇུག་གི་གྲུབ་འབྲས་འདི་ བཀྲམ་སྟོན་འབདཝ་ཨིན།
ག་དེམ་ཅིག་འབད་ འབྱུང་ཁུངས་གནད་སྡུད་ཁྱབ་ཚད་ཀྱི་ནང་ཐིག་ཚུ་ ཁྱབ་ཚད་ནང་ལུ་ནང་ཐིག་དབྱེར་མེད་གནས་ས་དང་མཉམ་ རྩ་བརྟན་བཟོ་མ་ཚུགས་པ་ཅིན་དང་ དེ་མིན་པའི་མཐུན་སྒྲིག་གྲལ་ཐིག་ཁ་ཡིག་ཅིག་ ཡང་ན་ ཀེར་ཐིག་ཁ་ཡིག་ཅིག་དང་འཁྲིལ་ཏེ་ རྩ་བརྟན་བཟོ་ནིའི་འོག་གི་གཉིས་ལས་གང་རུང་ཅིག་ གདམ་ཁ་རྐྱབས་དེ་ཡང་གྲལ་ཐིག་ཁ་ཡིག་ ཡང་ན་ ཀེར་ཐིག་ཁ་ཡིག་ ཨིན།
གྲལ་་ཐིག་ཁ་ཡིག་ ཡང་ན་ ཀེར་ཐིག་ཁ་ཡིག་གྱི་་ཐོག་ལས་རྩ་བརྟན་བཟོ་ནི་ལུ་ ཁ་ཡིག་འདི་སེལ་འཐུ་འབད་ཡོད་པའི་འབྱུང་ཁུངས་ཁྱབ་ཚད་ནང་ལུ་ ཡོད་དགོཔ་ཨིན།
ཚིག་ཡིག་འདི་ ཁ་ཡིག་ནང་ལུ་དབྱེ་བ་མེདཔ་སྦེ་དགོ་ དེ་འབད་བ་ཅིན་ གྲལ་ཐིག་ ཡངན་ ཀེར་ཐིག་ཚུ་ཀྲིག་ཀྲི་འབད་མཐུན་སྒྲིག་འབད་འོང་། ག་དེམ་ཅིག་འབད་གྲལ་ཐིག་ ཡངན་ ཀེར་ཐིག་ཁ་ཡིག་འདི་མཐུན་སྒྲིག་མེད་པ་ཅིན་ དམིགས་གཏད་ཁྱབ་ཚད་ནང་གང་རུང་ཅིག་ཡོད་པ་ཅིན་ འདི་གྲལ་ཐིག་ ཡངན་ ཀེར་ཐིག་གསརཔ་སྦེ་ མཇུག་བསྣོན་འབད་འོང་།
ཁྱོད་ཀྱིས་ ཡིག་ཆ་སྲུང་བཞག་འབད་བའི་སྐབས་ལུ་ རྩ་བརྟན་ཁྱབ་ཚད་དང་དམིགས་གཏད་ཁྱབ་ཚད་གཉིས་ལས་ གནད་སྡུད་ཡང་སྲུང་བཞག་འབད་འོང་། ཤུལ་ལས་ རྩ་བརྟན་ངེས་འཛིན་འབད་ཡོད་པའི་ཡིག་ཆ་ཅིག་ཁ་ཕྱེ་བ་ཅིན་ གནད་སྡུད་འདི་དོ་རུང་ཐོབ་ཚུགས།