LibreOffice 25.2 Help
ཁྱོད་ཀྱིས་ རང་བཞིན་བཀང་བའི་བརྡ་བཀོད་ ཡངན་ རྒྱུན་རིམ་བརྡ་བཀོད་གང་རུང་དང་ཅིག་ཁར་ གནད་སྡུད་ཐོག་ལས་ རང་བཞིན་གྱིས་ ནང་ཐིག་བཀང་ཚུགས།
རང་བཞིན་བཀང་བ་གིས་ རང་བཞིན་གྱིས་འབད་ ངེས་འཛིན་འབད་ཡོད་པའི་དཔེ་གཞི་ཅིག་ལུ་བརྟེན་པའི་གནད་སྡུད་རྒྱུན་རིམ་ཅིག་ བཟོ་བཏོན་འབདཝ་ཨིན།
ལེབ་གྲངས་གུ་སྦེ་ནང་ཐིག་ནང་ཨེབ་གཏང་་འབད་ཞིནམ་ལས་ ཨང་གྲངས་ཅིག་ཡིག་དཔར་རྐྱབས།
ནང་ཐིག་གཞན་མི་ཅིག་ལུ་ཨེབ་གཏང་འབད་ཞིནམ་ལས་ ཁྱོད་རང་གིས་ཨང་གྲངས་ཡིག་དཔར་བརྐྱབས་ཡོད་པའི་ནང་ཐིག་ནང་ ལོག་ཨེབ་གཏང་འབད།
ནང་ཐིག་གི་མཇུག་ལུ་ གཡས་ཀྱི་ཟུར་ཁ་ཡོད་མི་བཀང་ནིའི་བཤེད་བཟུང་འདི་འདྲུད་དེ་ ཁྱོད་ཀྱིས་བཀང་དགོ་མནོ་མི་ ནང་ཐིག་ཆ་མཉམ་ལུ་ བཀལ་ཞིནམ་ལས་ མཱའུསི་ཨེབ་རྟ་འདི་གཏང་།
ནང་ཐིག་ཚུ་ནང་ཡར་འཛེགས་ཨང་གྲངས་ བཀང་ཡི།
རིམ་མཐུད་ཉིན་གྲངས་ཀྱི་ཐོ་ཡིག་ཅིག་མགྱོགས་པར་གསར་བསྐྲུན་འབད་ནི་གི་དོན་ལུ་ ནང་ཐིག་ཅིག་ནང་ "Monday" ཐོ་བཀོད་འབད་ དེ་ལས་ བཀང་ནིའི་བཤེད་བཟུང་འདི་འདྲུད།
Hold down CommandCtrl if you do not want to fill the cells with different values.
If you select two or more adjacent cells that contain different numbers, and drag, the remaining cells are filled with the arithmetic pattern that is recognized in the numbers. The AutoFill function also recognizes customized lists that are defined under .
ཁྱོད་ཀྱིས་ ད་ལྟོའི་གནད་སྡུད་སྡེབ་ཚན་གྱི་ཀེར་ཐིག་སྟོངམ་ཚུ་ཆ་མཉམ་རང་བཞིན་གྱིས་ བཀང་ནིའི་དོན་ལུ་ བཀང་ནིའི་བཤེད་བཟུང་ལུ་ཚར་གཉིས་ཨེབ་གཏང་འབད་བཏུབ། དཔེར་ན་ ཀེར་ཐིག་དང་པམ་ནང་ལུ་ ཟླཝ་བཅུ་གཉིསཔ་འདི་སྟོན་ནིའི་དོན་ལུ་ དང་པ་ར་ ཇེན་འདི་ཨེ་༡ ནང་ལུ་བཙུགས་ཞིནམ་ལས་ བཀང་ནིའི་བཤེད་བཟུང་འདི་ཨེ་༡༢ ཀྱི་མར་ཁ་ཐུག་ལུ་འདྲུད། ད་འབདན་ བི་༡་དང་སི་༡ གཉིས་ནང་ལུ་ བེ་ལུསི་དག་པ་ཅིག་བཙུགས། ནང་ཐིག་གཉིསཔ་འདི་སེལ་འཐུ་འབད་ཞིནམ་ལས་ བཀང་ནིའི་བཤེད་བཟུང་ལུ་ཚར་གཉིས་ཨེབ་གཏང་འབད། འདི་གིས་ གནད་སྡུད་སྡེབ་ཚན་ བི་༡:སི་༡༢ འདི་རང་བཞིན་གྱིས་བཀངམ་ཨིན།
ཁྱོད་ཀྱིས་ ལེབ་གྲངས་ནང་ལུ་བཀང་ནི་ཨིན་མི་ནང་ཐིག་ཁྱབ་ཚད་འདི་སེལ་འཐུ་འབད།
གདམ་ཁ་རྐྱབས།
རྒྱུན་རིམ་དོན་ལས་ ཚད་བཟུང་ཚུ་སེལ་འཐུ་འབད།
ཁྱོད་ཀྱིས་ ཐིག་གི་ རྒྱུན་རིམ་ཅིག་སེལ་འཐུ་འབད་བ་ཅིན་ ཁྱོད་ཀྱིས་བཙུགས་མི་ཡར་འཕར་འདི་ བེ་ལུ་གཞན་ཅིག་གསར་བསྐྲུན་འབད་ནི་གི་དོན་ལུ་ ནང་ཐིག་ནང་གི་རིམ་མཐུད་ཨང་གྲངས་རེ་རེ་ལུ་ཁ་སྐོང་འབདཝ་ཨིན་ །
ཁྱོད་ཀྱིས་ ཡར་བསྐྱེད་ རྒྱུན་རིམ་ཅིག་སེལ་འཐུ་འབད་བ་ཅིན་ ཁྱོད་ཀྱིས་བཙུགས་ཡོད་པའི་ ཡར་འཕར་འདི་ བེ་ལུ་གཞན་ཅིག་གསར་བསྐྲུན་འབད་ནི་གི་དོན་ལུ་ རིམ་མཐུད་ཨང་གྲངས་རེ་རེ་གིས་ དགུ་མཐའ་རྐྱབ་ཨིན་།
ཁྱོད་ཀྱིས་ ཚེས་གྲངས་ རྒྱུན་རིམ་ཅིག་སེལ་འཐུ་འབད་བ་ཅིན་ ཁྱོད་རང་གིས་བཙུགས་ཡོད་པའི་ཡར་འཕར་འདི་ གསལ་བཀོད་འབད་ཡོད་པའི་ཆུ་ཚོད་ཆ་ཕྲན་ལུ་ཁ་སྐོང་འབདཝ་ཨིན།