ལག་ལེན་པ་ངེས་འཛིན་འབད་ཡོད་པའི་ནང་ཐིག་ཚུ་

ཁྱོད་ཀྱིས་ གྲལ་ཐིག་སོ་སོ་གི་སྣ་ཁག་འདི་ སེལ་འཐུ་འབད་ཡོད་པའི་ནང་ཐིག་ཚུ་ལུ་འཇུག་སྤྱོད་འབད་བཏུབ།

  1. ནང་ཐིག་ཡང་ན་ནང་ཐིག་ཚུ་གི་སྡེབ་ཚན་འདི་སེལ་འཐུ་འབད།

  2. རྩ་སྒྲིག་ - ནང་ཐིག་ཚུ་གདམ་ཁ་རྐྱབས།

  3. ཌའི་ལོག་ནང་ལུ་ མཐའ་མཚམས་ཀྱི་ མཆོང་ལྡེ་འདི་ཨེབག་ཏང་།

  4. ཁྱོད་ཀྱིས་འཇུག་སྤྱོད་འབད་ནི་ཨིན་མི་མཐའ་མཚམས་གདམ་ཁ་འདི་གདམ་ཁ་རྐྱབས་ཞིནམ་ལས་ བཏུབ་ཨེབ་གཏང་།

གྲལ་ཐིག་བདེ་ཞིབ་འབད་ནིའི་ མངའ་ཁོངས་ནང་གི་གདམ་ཁ་འདི་ སྣ་མང་མཐའ་མཚམས་བཟོ་རྣམ་ཚུ་འཇུག་སྤྱོད་འབད་ནིའི་དོན་ལས་ལག་ལེན་འཐབ་བཏུབ།

ནང་ཐིག་ཚུ་གི་སེལ་འཐུ་འབད་ནི་

ནང་ཐིག་སེལ་འཐུ་འབད་ནི་དང་འཁྲིལ་ཏེ་ མངའ་ཁོངས་འདི་སོ་སོ་མཐོངམ་ཨིན་

སེལ་འཐུ་འབད་ནི་

གྲལ་ཐིག་བདེ་ཞིབ་འབད་ནིའི་མངའ་ཁོངས་

ནང་ཐིག་གཅིག་

ནང་ཐིག་གཅིག་སེལ་འཐུ་འབད་ཡོད་དང་གཅིག་ཁར་མཐའ་མཚམསཚུ་

ནང་ཐིག་ཚུ་ཀེར་ཐིག་ཅིག་ནང་

ཀེར་ཐིག་སེལ་འཐུ་འབད་ཡོད་མི་དང་གཅིག་ཁར་མཐའ་མཚམས་ཚུ་

ནང་ཐིག་ཚུ་གྲལ་ཐིག་ཅིག་ནང་

གྲལ་ཐིག་སེལ་འཐུ་འབད་ཡོད་མི་དང་གཅིག་ཁར་མཐའ་མཚམས་ཚུ་

2x2 ཡང་ན་ལྷག་མི་གི་ནང་ལུ་ནང་ཐིག་ཚུ་

སྡེབ་ཚན་སེལ་འཐུ་འབད་མི་དང་གཅིག་ཁར་མཐའ་མཚམས་ཚུ་


སྔོན་སྒྲིག་སྒྲིག་སྟངས་

སྔོན་སྒྲིག་ ངོས་དཔར་ཚུ་ལས་གཅིག་ སྣ་མང་མཐའ་མཚམས་ཚུ་གཞི་སྒྲིག་ཡང་ན་སླར་སྒྲིག་འབད་ནིའི་དོན་ལས་ ཨེབ་གཏང་།

དཔེར་བརྗོད་ཚུ་

8x8 ནང་ཐིག་ཚུ་གི་སྡེབ་ཚན་ཅིག་སེལ་འཐུ་འབད་ དེ་ལས་ རྩ་སྒྲིག་ -ནང་ཐིག་ཚུ་ - མཐའ་མཚམས་ཚུ་གདམ་ཁ་རྐྱབས།

མཐའ་མཚམས་ཀྱི་མཆོང་ལྡེ་ཤོག་ལེབ་ཀྱི་སྔོན་སྒྲིག་ངོས་དཔར་

ད་ཁྱོད་ཀྱིས་ གྲལ་ཐིག་ག་འདི་ཚུ་ གཞན་མི་ངོས་དཔར་ཚུ་གིས་གཞི་སྒྲིག་དང་རྩ་བསྐྲད་གཏང་འོང་ག་ འཕྲོ་མཐུད་དེ་བལྟ་ཚུགས།

ལག་ལེན་པ་ངེས་འཛིན་འབད་ཡོད་པའི་སྒྲིག་སྟངས་

ལག་ལེན་པ་ངེས་འཛིན་འབད་ཡོད་པའི་ མངའ་ཁོངས་ནང་ལུ་ ཁྱོད་ཀྱིས་ངོ་རྐྱང་གྲལ་ཐིག་ཚུ་གཞི་སྒྲིག་དང་རྩ་བསྐྲད་གཏང་བཏུབ། སྔོན་ལྟ་འདི་གིས་ གྲལ་ཐིག་ཚུ་གནས་ལུགས་སོསོ་གསུམ་ནང་སྟོནམ་ཨིན།

གནས་ལུགས་སོ་སོ་གསུམ་འདི་བརྒྱུད་དེ་སོར་བསྒྱུར་འབད་ནིའི་དོན་ལས་ མཐའམ་ཡང་ན་སྒྱིད་ཁུག་ཅིག་ཡང་བསྐྱར་དུ་ཨེབ་གཏང་།

གྲལ་ཐིག་དབྱེ་བ་ཚུ་

གཟུགས་བརྙན་

དོན་དག་

གྲལ་ཐིག་གནགཔོ་ཅིག་

ལག་ལེན་པ་ངོས་འཛིན་འབད་ཡོད་པའི་མཐའ་མཚམས་ཀྱི་དོན་ལུ་ རགས་པ་གྲལ་ཐིག་

གྲལ་ཐིག་གནགཔོ་ཅིག་གིས་ སེལ་འཐུ་འབད་ཡོད་པའི་ནང་ཐིག་འདི་གི་ཆ་མཉམ་པའི་གྲལ་ཐིག་འདི་གཞི་སྒྲིག་འབདཝ་ཨིན། གྲལ་ཐིག་འདི་ ཁྱོད་ཀྱིས་ 0.05 pt གྲལ་ཐིག་བཟོ་རྣམ་འདི་གདམ་ཁ་རྐྱབས་པའི་ཧྐབཧ་ ཚག་ཅན་གྲལ་ཐིག་ཅིག་སྦེ་སྟོན་ཡོད།

གྲལ་ཐིག་སྐྱ་ཐལ་ཅིག་

ལག་ལེན་པ་ངོས་འཛིན་འབད་ཡོད་པའི་མཐའ་མཚམས་ཀྱི་དོན་ལུ་ སྐྱ་ཐལ་གྲལ་ཐིག་

སྐྱ་ཐལ་གྲལ་ཐིག་ཅིག་ སེལ་འཐུ་འབད་ཡོད་པའི་ནང་ཐིག་གི་ ཆ་མཉམ་པའི་གྲལ་ཐིག་ཚུ་ བསྒྱུར་བཅོས་མ་འབད་བའི་སྐབས་ སྟོན་ཡོད། གྲལ་ཐིག་གཅིག་ཡང་འ་ནི་གནས་ས་འདི་ལུ་གཞི་སྒྲིག་ཡང་ན་ རྩ་བསྐྲད་མི་གཏང།

གྲལ་ཐིག་དཀརཔོ་ཅིག

ལག་ལེན་པ་ངོས་འཛིན་འབད་ཡོད་པའི་མཐའ་མཚམས་ཚུ་གི་དོན་ལུ་ གྲལ་ཐིག་དཀརཔོ་

སེལ་འཐུ་འབད་ཡོད་པའི་ཆ་མཉམ་པའི་གྲལ་ཐིག་འདི་རྩ་བསྐྲད་གཏང་ཡོད་པའི་སྐབས་ གྲལ་ཐིག་དཀརཔོ་ཅིག་སྟོནམ་ཨིན།


དཔེར་བརྗོད་ཚུ་

ནང་ཐིག་རྐྱངམ་པ་ཅིག་སེལ་འཐུ་འབད་ དེ་ལས་ རྩ་སྒྲིག་ - ནང་ཐིག་ཚུ་ - མཐའ་མཚམས་ཚུ་གདམ་ཁ་རྐྱབས།

འོག་གི་མཐའམ་འདི་ སྲབ་མི་གྲལ་ཐིག་ཅིག་འོག་གི་མཐའ་མཚམས་སྦེ་གཞི་སྒྲིག་འབད་ནིའི་དོན་ལས་ཨེབ་གཏང་། གཞན་མི་ཡིག་སྣོད་ཚུ་ཆ་མཉམ་ ནང་ཐིག་ལས་རྩ་བསྐྲད་གཏང་འོང་།

སྲབ་མི་འོག་གི་མཐའ་མཚམས་ཅིག་གཞི་སྒྲིག་འབད་དོ་

སྟུག་དྲག་གྲལ་ཐིག་གྱི་བཟོ་རྣམ་ཅིག་གདམ་ཁ་རྐྱབས་ཞིནམ་ལས་ འོག་གི་མཐའམ་འདི་ཨེབ་གཏང་། འ་ནི་འདི་གིས་ གྲལ་ཐིག་སྟུག་དྲག་ཅིག་འོག་གི་མཐའ་མཚམས་ཅིག་སྦེ་གཞི་སྒྲིག་འབདཝ་ཨིན།

གྲལ་ཐིག་སྟུག་དྲག་ཅིག་མཐའ་མཚམས་སྦེ་གཞི་སྒྲིག་འབད་དོ་

སྔོན་སྒྲིག་ ངོས་དཔར་གཉིས་པ་འདི་ མཐའ་མཚམས་བཞིཔ་ཆ་རང་གཞི་སྒྲིག་འབད་ནིའི་དོན་ལས་ གཡོན་ལས་ཨེབ་གཏང་། དེ་ལས་ཡང་བསྐྱར་དུ་ འོག་གི་མཐའམ་འདི་ གྲལ་ཐིག་དཀརཔོ་འདི་མ་སྟོན་ཚུན་ ཨེབ་གཏང་། འ་ནི་འདི་གིས་ འོག་གི་མཐའ་མཚམས་འདི་རྩ་བསྐྲད་གཏངམ་ཨིན།

འོག་གི་མཐའ་མཚམས་ཚུ་རྩ་བསྐྲད་གཏང་དོ་

ཁྱོད་ཀྱིས་གྲལ་ཐིག་གི་དབྱེ་དང་བཟོ་རྣམ་ལེ་ཤ་ཅིག་མཉམ་བསྡོམས་འབད་ཚུགས། མཇུག་གི་གཟུགས་བརྙན་འདི་གིས་ སྟུག་དྲག་ཕྱིའི་མཐའ་མཚམས་(སྟུག་དྲག་གྲལ་ཐིག་གནགཔོ་ཚུ་) ཚུ་ ནང་ཐིག་ནང་གི་གསེག་ཐིག་ཅན་གྲལ་ཐིག་ཚུ་ མ་དཀྲོགས་པར་(སྐྱ་ཐལ་གྲལ་ཐིག་) བཞག་ཡོད་པའི་སྐབས་ ག་དེ་སྦེ་གཞི་སྒྲིག་འབད་ནི་ཨིན་ན་སྟོནམ་ཨིན།

ནང་ཐིག་མཐའ་ཚུ་གི་དོན་ལུ་མཐོ་རིམ་དཔེར་བརྗོད་

Please support us!