LibreOffice 25.2 Help
གནད་སྡུད་པཱའི་ལོཊི་གིས་ བཟོ་བཏོན་འབད་ཡོད་པའི་ ཐིག་ཁྲམ་གྱི་སྒྲིག་བཀོད་གསལ་བཀོད་འབད།
གནད་སྡུད་པཱའི་ལོཊི་གིས་ གནད་སྡུད་ས་སྒོ་ཚུ་ གནད་སྡུད་པཱའི་ལོཊི་ཐིག་ཁྲམ་ངེས་འཛིན་འབད་ནིའི་དོན་ལུ་འདྲུད་ནི་དང་ བཀོག་བཞག་བཏུབ་པའི་ ཨེབ་རྟ་ཚུ་སྦེ་བཀྲམ་སྟོན་འབདཝ་ཨིན།
To define the layout of a pivot table, drag and drop data field buttons onto the Filters, Row Fields, Column Fields and Data Fields areas. You can also use drag and drop to rearrange the data fields on a pivot table.
LibreOffice གིས་ གནད་སྡུད་ས་སྒོ་ཚུའི་མངའ་ཁོངས་ནང་ལུ་ འདྲུད་ཡོད་པའི་ཨེབ་རྟ་ཚུ་ལུ་ རང་བཞིན་གྱིས་དཔར་བཤད་ཁ་སྐོང་རྐྱབ་ཨིན། དཔར་བཤད་ནང་ན་ གནད་སྡུད་ས་སྒོའི་མིང་དང་ གནད་སྡུད་ཀྱིས་གསར་བསྐྲུན་འབད་ཡོད་པའི་ མན་ངག་ཡང་ཤོམ་ཏེ་ཡོདཔ་ཨིན།
གནད་སྡུད་ས་སྒོ་གིས་ ལག་ལེན་འཐབ་སྟེ་ཡོད་པའི་ ལས་འགན་དེ་བསྒྱུར་བཅོས་འབད་ནི་དོན་ལུ་དང་ གནད་སྡུད་ས་སྒོ་ཌའི་ལོག་ ཁ་ཕྱེ་ནིའི་དོན་ལུ་ གནས་སྡུད་ས་སྒོ་ཚུའི་མངའ་ཁོངས་ནང་ ཨེབ་རྟ་དེ་ལོག་བལྟབ་ཨེབ་གཏང་། ཁྱོད་ཀྱིས་ གྲལ་ཐིག་ས་སྒོ་ཚུ་ ཡང་ན་ ཀེར་ཐིག་ས་སྒོ་ཚུའི་མངའ་ཁོངས་ཚུ་ནང་ ཨེབ་རྟ་ཚུ་ལོག་བལྟབ་ཨེབ་གཏང་བཏུབ་ཨིན།
གནད་སྡུད་པའི་ལོཊི་ཐིག་ཁྲམ་ ངེས་འཛིན་འབད་ནིའི་དོན་ལུ་ ཁ་སྐོང་གདམ་ཁ་ཚུ་བཀྲམ་སྟོན་ཡང་ན་ སྦཝ་ཨིན།
གནད་སྡུད་པའི་ལོཊི་ཐིག་ཁྲམ་གྱི་ གྲུབ་འབྲས་ཚུ་བཀྲམ་སྟོན་འབད་ནིའི་དོན་ལུ་ སྒྲིག་སྟངས་ཚུ་གསལ་བཀོད་འབད།
ད་ལྟོའི་ཚད་འཛིན་གྱི་སེལ་འཐུའི་མངའ་སྡེ་སེལ་འཐུ་འབད།
ཁྱོད་ཀྱིས་ གནད་སྡུད་པའི་ལོཊི་ཐིག་ཁྲམ་གྱི་གྲུབ་འབྲས་ཚུ་ བཀྲམ་སྟོན་འབད་དགོས་མནོ་མི་མངའ་ཁོངས་སེལ་འཐུ་འབད།
སེལ་འཐུ་གྲུབ་ཡོད་པའི་མངའ་ཁོངས་ནང་ན་ གནད་སྡུད་ཤོམ་ཏེ་ཡོད་པ་ཅིན་ གནད་སྡུད་དེ་ གནས་སྡུད་པའི་ལོཊི་གིས་ ཚབ་སྲུང་འབདཝ་ཨིན། གནས་ཏེ་ཡོད་པའི་ གནད་སྡུད་ཀྱི་གྱོང་རྒུད་སྔོན་བཀག་འབད་ནིའི་དོན་ལུ་ གྲུབ་འབྲས་ཚུ་བཀྲམ་སྟོན་འབད་ནིའི་དོན་ལུ་ གནད་སྡུད་པའི་ལོཊི་གིས་ མངའ་ཁོངས་དེ་ རང་བཞིན་གྱིས་ སེལ་འཐུ་འབད་བཅུག
གནད་སྡུད་འབྱུང་ཁུངས་ནང་ལུ་ ས་སྒོ་སྟོངམ་ཚུ་ སྣང་མེད་སྦེ་བཞགཔ་ཨིན།
གྲལ་ཐིག་ཁ་ཡིག་བཏགས་ནི་གིས་ གསལ་བཀོད་འབད་དེ་ཡོདཔ་བཟུམ་སྦེ་ གྲལ་ཐིག་ཚུ་ ཁ་ཡིག་བཏགས་ནི་ཚུ་མེདཔ་སྦེ་ ཤུལ་མམ་གྱི་དབྱེ་རིམ་མཐོ་ཤོས་ལུ་ རང་བཞིན་གྱིས་འགན་སྤྲོདཔ་ཨིན།
ཀེར་ཐིག་རྩིས་ལས་ཀྱི་ཡོངས་བསྡོམས་རྩིས་སྟོན་དང་བཀྲམ་སྟོན་འབདཝ་ཨིན།
གྲལ་ཐིག་རྩིས་ལས་ཀྱི་ཡོངས་བསྡོམས་རྩིས་སྟོན་དང་བཀྲམ་སྟོན་འབདཝ་ཨིན།
ཤོག་ཁྲམ་གནད་སྡུད་གུ་ལུ་གཞི་བཞག་པའི་ གནད་སྡུད་པཱའི་ལོཊི་ལུ་ ཚགས་མ་ཨེབ་རྟ་ཁ་སྐོང་རྐྱབ་ཨིན།
ཚགས་མ་ཌའི་ལོག་ཁ་ཕྱེཝ་ཨིན།
ཐིག་ཁྲམ་ནང་ལུ་རྣམ་གྲངས་དོན་ལུ་རྒྱས་བཤད་ཚུ་སྟོན་ནམ་སྦ་ནིའི་དོན་ལུ་ འ་ནི་དཔྱད་ཞིབ་སྒྲོམ་དེ་སེལ་འཐུ་འབད་ཞིནམ་ལས་ རྣམ་གྲངས་ཁ་ཡིག་བཏགས་ནི་དེ་ལོག་བལྟབ་ཨེབ་གཏང་།
འོག་ལུ་ཡོད་མི་ནང་ལས་གང་རུང་གཅིག་འབད།:
ནང་ཐིག་ཚུའི་ཁྱབ་ཚད་གཅིག་སེལ་འཐུ་འབད་ཞིནམ་ལས་ གནད་སྡུད་ - མཐའ་ཐིག་ - རྒྱས་བཤད་སྟོན་ཚུ་ གདམ། .
ཐིག་ཁྲམ་ནང་ལུ་ ས་སྒོ་འདི་ལོག་བལྟབ་ཨེབ་གཏང་།
གནས་རིམ་གཅིག་ལུ་ཉེ་འདབས་ས་སྒོ་ཚུ་ཡོད་པའི་ས་སྒོ་གུ་ལུ་ལོག་བལྟབ་ཨེབ་གཏང་པ་ཅིན་ རྒྱས་བཤད་སྟོན་ ཌའི་ལོག་དེ་ ཁ་ཕྱེཝ་ཨིན།
ཁྱོད་ཀྱིས་ རྒྱས་བཤད་ཚུ་བལྟ་དགོ་མནོ་མི་ ས་སྒོ་གདམ།