LibreOffice 7.5 Help
ཁྱོད་ཀྱིས་ རྩ་བརྟན་བཟོ་དགོ་མནོ་མི་ ནང་ཐིག་ཁྱབ་ཚད་ནང་ན་ ཁ་ཡིག་བཏགས་ནི་ཚུ་ཤོམ་ཏེ་ཡོད་པ་ཅིན་ འ་ནི་ དབྱེ་ཚན་ལག་ལེན་འཐབ། འ་ནི་རྩ་བརྟན་བཟོ་ནི་ཁྱབ་ཚད་ཚུ་ནང་ན་ཁ་ཡིག་བཏགས་ནི་གཅིག་པ་དང་ བདེ་ཞིབ་འབད་ཡོད་པའི་ གནད་སྡུད་དེ་སོ་སོ་སྦེ་བདེ་ཞིབ་འབད་ཡོད་པ་ཅིན་རྐྱངམ་ཅིག་ ཁྱོད་ཀྱིས་ འ་ནི་གདམ་ཁ་ཚུ་སེལ་འཐུ་འབད་དགོཔ་ཨིན།
རྩ་གཏན་བཟོ་ཡོད་པའི་གནད་སྡུད་འདི་ བདེ་ཞིབ་འབད་ནིའི་དོན་ལུ་ གྲལ་ཐིག་ཁ་ཡིག་བཏགས་ནི་ཚུ་ལག་ལེན་འཐབ་ཨིན།
རྩ་གཏན་བཟོ་ཡོད་པའི་གནད་སྡུད་འདི་ བདེ་ཞིབ་འབད་ནིའི་དོན་ལུ་ ཀེར་ཐིག་ཁ་ཡིག་བཏགས་ནི་ཚུ་ལག་ལེན་འཐབ་ཨིན།
རྩ་བརྟན་བཟོ་ནི་ཁྱབ་ཚད་ནང་གི་གནད་སྡུད་དེ་ འབྱུང་ཁུངས་གནད་སྡུད་ལུ་འབྲེལ་མཐུད་འབད་ཞིནམ་ལས་ གནད་སྡུད་འབྱུང་ཁུངས་བསྒྱུར་བཅོས་འབད་ཡོད་པའི་སྐབས་སུ་ རྩ་བརྟན་བཟོ་ནིའི་གྲུབ་འབྲས་ཚུ་ དུས་མཐུནམ་བཟོཝ་ཨིན།
ཁ་སྐོང་གདམ་ཁ་ཚུ་སྦཝ་ཨིན།