LibreOffice 25.2 Help
ཁྱོད་ཀྱིས་ སེལ་འཐུ་འབད་བའི་ ཀེར་ཐིག་ཚུའི་དོན་ལུ་ ཡན་ལག་བསྡོམས་ཚུ་རྩིས་སྟོནམ་ཨིན། LibreOffice གིས་ ཁ་ཡིག་བཏགས་ཡོད་པའི་ཁྱབ་ཚད་ནང་ ཡན་ལག་བསྡོམས་དང་ཡོངས་བསྡོམས་གནས་གོང་ཚུ་རང་བཞིན་གྱིས་ རྩིས་སྟོན་ནིའི་དོན་ལུ་ SUM ལས་འགན་ལག་ལེན་འཐབ་ཨིན། རྩིས་ལས་དེ་ལཱ་འགན་འགྲུབ་ནིའི་དོན་ལུ་ ཁྱོད་ཀྱིས་ ལས་འགན་གཞན་མི་ཚུ་ཡང་ལག་ལེན་འཐབ་ཚུགསཔ་ཨིན། LibreOffice གིས་ ཁྱོད་ཀྱིས་ དེའི་ནང་ན་འོད་རྟགས་བཞགཔ་ད་ ངེས་འཛིན་འབད་ཡོད་པའི་གནད་སྡུད་གཞི་རྟེན་མའང་ཁོངས་གཅིག་ རང་བཞིན་གྱིས་ངོས་འཛིན་འབདཝ་ཨིན།
དཔེ་འབད་བ་ཅིན་ ཁྱོད་ཀྱིས་ ཞབས་ཏོག་སྤྱོད་མི་གནད་སྡུད་གཞི་རྟེན་ལས་ གནད་སྡུད་གུ་ལུ་གཞི་བཞག་སྟེ་ འགྲེམ་ཨང་ལ་ལོའི་དོན་ལུ་ ཚོང་བསྒྱུར་ཚུའི་བཅུད་དོན་བཟོ་བཏོན་འབད་བཏུབ་ཨིན།
སེལ་འཐུ་གྲུབ་ཡོད་པའི་མངའ་ཁོངས་ནང་ལུ་ ཡན་ལག་བསྡོམས་གྲལ་ཐིག་ཚུ་བཏོན་གཏངམ་ཨིན།