LibreOffice 25.2 Help
ནང་ཐིག་ཤུགས་ལྡན་ནང་གནས་གོང་ཚུ་ལུ་བརྟེན་པའི་མན་ངག་ཚུ་ལས་ ནང་ཐིག་ཤུགས་ལྡན་ལུ་བརྡ་རྟགས་ཚུ་འབྲིཝ་ཨིན།
མན་ངག་ནང་ལུ་ ཤུགས་ལྡན་ནང་ཐིག་དང་གཅིག་ཁར་ལག་ལེན་འཐབ་ཡོད་པའི་ནང་ཐིག་ཆ་མཉམ་གྱི་མངའ་ཁོངས་དེ་ གཞི་ཁྲམ་ཧོནམ་གྱིས་གཙོ་རྟགས་བཀལ་ཏེ་ཡོདཔ་ཨིན།
འ་ནི་ལས་འགན་དེ་ གནས་རིམ་རེ་རེ་འཁྲིལ་ཏེ་ལཱ་འབདཝ་ཨིན། དཔེར་ན་ རྗེས་འཚོལ་འབད་མི་ཚུའི་གནས་རིམ་གཅིག་ སྔོན་བྱུང་ཚུ་སྟོན་ནིའི་དོན་ལུ་ཧེ་མ་ལས་རང་ཤུགས་ལྡན་བཟོ་ཡོད་པ་ཅིན་འབདན་ (ཡང་ན་བརྟེན་མི་ཚུ་) ཁྱོད་ཀྱིས་ ཤུལ་མམ་གྱི་བརྟེན་སྡོད་གནས་སྟངས་གནས་རིམ་དེ་ རྗེས་འཚོལ་འབད་མི་ལས་འགན་དེ་ལོག་སྟེ་རང་ ཤུགས་ལྡན་བཟོ་ཐོག་ལས་མཐོང་ཚུགསཔ་ཨིན།