LibreOffice 25.2 Help
Opens a dialog where you can specify the print range. You can also set the rows or columns which are to be repeated in every page.
ལེབ་གྲངས་ཅིག་གུ་ དཔར་བསྐྲུན་ཁྱབ་ཚད་ ངེས་འཛིན་འབད་དོ་
ཁྱོད་ལུ་ངེས་འཛིན་འབད་ཡོད་པའི་དཔར་བསྐྲུན་ཁྱབ་ཚད་ལེགས་བཅོས་འབད་བཅུགཔ་ཨིན།
Select -none- to remove a print range definition for the current spreadsheet. Select -entire sheet- to set the current sheet as a print range. Select -selection- to define the selected area of a spreadsheet as the print range. By selecting -user-defined-, you can define a print range that you have already defined using the Format - Print Ranges - Define command. If you have given a name to a range using the Sheet - Named Ranges and Expressions - Define command, this name will be displayed and can be selected from the list box.
གཡས་ཁ་ཐུག་གི་ཚིག་ཡིག་སྒྲོམ་ནང་ལུ་ ཁྱོད་ཀྱིས་ གཞི་བསྟུན་ནའམ་མིང་གི་ཐོག་ལས་དཔར་བསྐྲུན་ཁྱབ་ཚད་གཅིག་བཙུགས་ཚུགསཔ་ཨིན། འོད་རྟགས་དེ་ དཔར་བསྐྲུན་ཁྱབ་ཚད་ ཚིག་ཡིག་སྒྲོམ་ནང་ལུ་ཡོད་པ་ཅིན་ ཁྱོད་ཀྱིས་ ཁྱོད་རའི་མཱའུསི་དང་གཅིག་ཁར་ ཤོག་ཁྲམ་ནང་དཔར་བསྐྲུན་ཁྱབ་ཚད་སེལ་འཐུ་འབད་ཚུགསཔ་ཨིན།
ཤོག་ལེབ་ཆ་མཉམ་ནང་དཔར་བསྐྲུན་འབད་ནིའི་དོན་ལུ་ གྲལ་ཐིག་གཅིག་ཡང་ན་མངམ་གདམ། གཡས་ཁ་ཐུག་གི་ཚིག་ཡིག་སྒྲོམ་ནང་ལུ་ གྲལ་ཐིག་གཞི་བསྟུན་བཙུགས་ དཔེ་འབད་བ་ཅིན་ "1" or $1" ཡང་ན་ "$2:$3" བཟུམ། ཐོ་ཡིག་སྒྲོམ་གྱིས་ - ངེས་འཛིན་འབད་ཡོད་པའི་ལག་ལེན་པ་ - བཀྲམ་སྟོན་འབདཝ་ཨིན། ངེས་འཛིན་འབད་ཡོད་པའི་ཡང་བསྐྱར་གྲལ་ཐིག་རྩ་བསྐྲད་གཏང་ནིའི་དོན་ལུ་ ཁྱོད་ཀྱིས་ - ཅི་མེད་ - སེལ་འཐུ་འབད་བཏུབ་ཨིན།
འོད་རྟགས་དེ་ ཌའི་ལོག་ནང་ཚིག་ཡིག་ས་སྒོ་ཡང་བསྐྱར་འབད་ནིའི་དོན་ལུ་གྲལ་ཐིག་ཚུ་ནང་ཡོད་པ་ཅིན་ ཁྱོད་ཀྱིས་ མཱའུསི་དེ་ཤོག་ཁྲམ་ནང་ལུ་འདྲུད་པའི་ཐོག་ལས་ ཡང་བསྐྱར་གྲལ་ཐིག་ཚུ་ངེས་འཛིན་འབད་ཚུགསཔ་ཨིན།
ཤོག་ལེབ་ཆ་མཉམ་ནང་ལུ་དཔར་བསྐྲུན་འབད་ནིའི་དོན་ལུ་ ཀེར་ཐིག་གཅིག་ཡང་ན་མངམ་གདམ། གཡས་ཁ་ཐུག་གི་ཚིག་ཡིག་སྒྲོམ་ནང་ ཀེར་ཐིག་གཞི་བསྟུན་ཚུ་བཙུགས་ དཔེ་འབད་བ་ཅིན་ "A" or "AB" ཡང་ན་ "$C:$E" བཟུམ། དེ་ལས་འབདན་ ཐོ་ཡིག་སྒྲོམ་གྱི་ - ངེས་འཛིན་འབད་ཡོད་པའི་ལག་ལེན་པ་ - བཀྲམ་སྟོན་འབདཝ་ཨིན། ཡང་བསྐྱར་ཀེར་ཐིག་ངེས་འཛིན་འབད་ཡོདཔ་དེ་རྩ་བསྐྲད་གཏང་ནིའི་དོན་ལུ་ ཁྱོད་ཀྱིས་ - ཅི་མེད་ - སེལ་འཐུ་འབད་བཏུབ་ཨིན།
འོད་རྟགས་དེ་ ཌའི་ལོག་ནང་ ཚིག་ཡིག་ས་སྒོ་ཡང་བསྐྱར་འབད་ནིའི་དོན་ལུ་ཀེར་ཐིག་ནང་ན་ཡོད་པ་ཅིན་ ཁྱོད་ཀྱིས་ མཱའུསི་དེ་ཤོག་ཁྲམ་ནང་ལུ་འདྲུད་པའི་ཐོག་ལས་ ཡང་བསྐྱར་འབད་བའི་ཀེར་ཐིག་ཚུ་ངེས་འཛིན་འབད་ཚུགསཔ་ཨིན།