LibreOffice 25.2 Help
ཁྱོད་ཀྱིས་ ཁྱབ་ཚད་ཁ་ཡིག་བཏགས་ནི་ ངེས་འཛིན་འབད་བཏུབ་པའི་ ཌའི་ལོག་གཅིག་ཁ་ཕྱེཝ་ཨིན།
ཁ་ཡིག་བཏགས་ནིའི་ཁྱབ་ཚད་ཀྱི་ནང་ཐིག་ནང་དོན་ཚུ་ མན་ངག་ཚུ་ནང་མིང་ཚུ་བཟུམ་སྦེ་ལག་ལེན་འཐབ་བཏུབ་ཨིན་ - LibreOffice གིས་ བདུན་ཕྲག་ཉིནམ་ཚུ་དང་ཟླཝ་ཚུའི་མིང་ཚུ་སྔ་གོང་ངེས་འཛིན་འབད་ཡོད་པའི་ལམ་ལུགས་གཅིག་པ་ནང་ འ་ནི་མིང་ཚུ་ངོས་འཛིན་འབདཝ་ཨིན། འ་ནི་མིང་ཚུ་མན་ངག་ནང་ལུ་ཡིག་དཔར་བརྐྱབ་པའི་སྐབས་སུ་ རང་བཞིན་གྱིས་མཇུག་བསྡུ་སྟེ་འོངམ་ཨིན། ཁ་སྐོང་ལུ་ ཁ་ཡིག་བཏགས་ནིའི་ཁྱབ་ཚད་ཀྱིས་ངེས་འཛིན་འབད་ཡོད་པའི་མིང་གི་ རང་བཞིན་གྱིས་བཟོ་བཏོན་འབད་ཡོད་པའི་ཁྱབ་ཚད་ཚུ་གིས་ངེས་འཛིན་འབད་ཡོད་པའི་མིང་ཚུ་ལུ་ གཙོ་རིམ་འོང་ནི་ཨིན།
ཁྱོད་ཀྱིས་ ཤོག་ལེབ་ཚུ་སོ་སོའི་གུ་ལུ་ ཁ་ཡིག་བཏགས་ནི་ཚུ་གཅིག་པ་ཤོམ་ཏེ་ཡོད་པའི་ ཁ་ཡིག་བཏགས་ནི་ཁྱབ་ཚད་ཚུ་གཞི་སྒྲིག་འབད་བཏུབ་ཨིན། LibreOffice གིས་ དང་པ་རང་ ད་ལྟོའི་ཤོག་ལེབ་ཀྱི་ཁ་ཡིག་བཏགས་ནི་ཁྱབ་ཚད་ཚུ་དང་ འཐུས་ཤོར་འཚོལ་ཞིབ་རྗེས་སུ་འབྲངས་ཏེ་ ཤོག་ལེབ་གཞན་མི་ཚུའི་ཁྱབ་ཚད་ཚུ་འཚོལ་ཞིབ་འབདཝ་ཨིན།
ཁ་ཡིག་བཏགས་མི་ཁྱབ་ཚད་རེ་རེ་གི་ནང་ཐིག་གཞི་བསྟུན་བཀྲམ་སྟོན་འབདཝ་ཨིན། ཐོ་ཡིག་སྒྲོམ་ནང་ལས་ ཁ་ཡིག་བཏགས་ནི་ཁྱབ་ཚད་གཅིག་རྩ་བསྐྲད་གཏང་ནིའི་དོན་ལས་ དེ་སེལ་འཐུ་འབད་བཞིནམ་ལས་ བཏོན་གཏང་ ཨེབ་གཏང་།
ད་ལྟོའི་ཁྱབ་ཚད་ཁ་ཡིག་བཏགས་ནི་ནང་ལུ་ ཀེར་ཐིག་ཁ་ཡིག་བཏགས་ནི་ཡང་གྲངས་སུ་བཙུགསཔ་ཨིན།
ད་ལྟོའི་ཁ་ཡིག་བཏགས་ནིའི་ཁྱབ་ཚད་ནང་ལུ་ གྲལ་ཐིག་ཁ་ཡིག་བཏགས་ནི་ གྲངས་སུ་བཙུགསཔ་ཨིན།
སེལ་འཐུ་གྲུབ་ཡོད་པའི་ཁྱབ་ཚད་ཁ་ཡིག་བཏགས་ནི་དེ་ནུས་ཅན་ཨིན་པའི་ གནད་སྡུད་ཁྱབ་ཚད་གཞི་སྒྲིག་འབདཝ་ཨིན། དེ་ལེགས་བཅོས་འབད་ནིའི་དོན་ལུ་ ཤོག་ལེབ་ནང་ཨེབ་གཏང་བཞིནམ་ལས་ མཱའུསི་ཐོག་ལས་ཁྱབ་ཚད་གཞན་མི་ཅིག་སེལ་འཐུ་འབད།
ཐོ་ཡིག་ནང་ ད་ལྟོའི་ཁ་ཡིག་བཏགས་ནིའི་ཁྱབ་ཚད་ཁ་སྐོང་བརྐྱབ་ཨིན།