ཊིར་གོ་ནོ་མེ་ཊིཀ་ལས་འགན་ཚུ

འོག་གི་ཆ་མཉམ་ཊིར་གོ་ནོ་མེ་ཊིཀ་ལས་འགན་ཚུ་ཆ་མཉམ་LibreOffice གཞི་རིམ་ནང་རྒྱབ་སྐྱོར་འབད་ཡོད་མི།

Atn Function

ཟུར་གསུམ་རྩིས་རིག་གི་ལས་འགན་གྱིས་ཨག་ཊན་ཇིནཊི་གི་ཨང་གྲངས་ཀྱི་གསལ་བརྗོད་དེ་སླར་་ལོགཔ་ཨིན། སླར་ལོག་གནས་གོང་དེ་ཁྱབ་ཚད་ -པི་ཨའི/༢ ལས་ +པི་ཨའི་/༢ ནང་ཨིན།

Cos Function

གྲུ་ཟུར་གྱི་ཀོ་སིན་དེ་རྩིས་སྟོནམ་ཨིན། གྲུ་ཟུར་དེ་རེ་ཌི་ཡཱནསི་ནང་གསལ་བཀོད་འབད་ཡོདཔ་ཨིན། འགྲུབ་འབྲས་དེ་ - ༡ དང་ ༡ བར་ན་ཨིན།

Sin Function

གྲུ་ཟུར་གྱི་སིན་དེ་སླར་ལོགཔ་ཨིན། གྲུ་ཟུར་དེ་རེཌི་ཡཱནསི་ནང་གསལ་བཀོད་འབད་ཡོདཔ་ཨིན། འགྲུབ་འབྲས་དེ་ -༡ དང་ ༡ བར་ན་ཡོདཔ་ཨིན།

Tan Function

གྲུ་ཟུར་ཅིག་གི་ཊེན་ཇེནཊི་འདི་གཏན་འབེབས་བཟོཝ་ཨིན། གྲུ་ཟུར་འདི་འོད་ཅན་ནང་གསལ་བཀོད་འབད་དེ་ཡོདཔ་ཨིན།

Please support us!