ཚད་འཛིན་དང་ཌའི་ལོག་རྒྱུ་དངོས་ཚུ་

སེལ་འཐུ་འབད་ཡོད་པའི་ཌའི་ལོག་ ཡང་ན་ ཚད་འཛིན་གྱི་རྒྱུ་དངོས་ཚུ་གསལ་བཀོད་འབདཝ་ཨིན། ཁྱོད་ཀྱིས་ཨ་ནི་བརྡ་བཀོད་ལག་ལེན་འཐབ་ཚུགས་ནི་ལུ་བཀོད་སྒྲིག་ཐབས་ལམ་ནང་ངེས་པར་འོང་དགོ།

ཌའི་ལོག་རྒྱུ་དངོས་ཚུ་ནང་གནད་སྡུད་བཙུགས་དོ།

འོག་གི་ལྡེ་མིག་གིས་ཌའི་ལོག་རྒྱུ་དངོས་ཚུའི་ཀོམ་བོ་སྒྲོམ་ཚུ་ཡང་ན་ཐིག་མང་ས་སྒོ་ཚུ་ནང་གནད་སྡུད་ཐོ་བཀོད་ལུ་འཇུག་སྤྱོད་འབད་ནི་མཉམ་མཐུད་འབདཝ་ཨིན།

ལྡེ་མིག་ཚུ།

ནུས་ཅན་ཚུ།

གདམ་ལྡེ +མར་མདའ་རྟགས།

ཀོམ་བོ་སྒྲོམ་ཁ་ཕྱེཝ་ཨིན།

གདམ་ལྡེ +ཡར་མདའ་རྟགས།

ཀོམ་བོ་སྒྲོམ་ཁ་བསྡམས།

སོར་ལྡེ +བཙུགས།

ཐིག་མང་་ས་སྒོ་ཚུ་ནང་བེརེཀ་གྱལ་བཙུགསཔ་ཨིན།

(ཡར་་མདའ་རྟགས)

ཧེ་མམ་གྱལ་འདི་ལུ་འགྱོཝ་ཨིན།

(ཕབ་ལེན)

གྱལ་ཤུལ་མམ་འདི་ལུ་འགྱོཝ་ཨིན།

བཙུགས་ནི།

ས་སྒོ་ལུ་བསྒྱུར་བཅོས་འབད་ཡོད་མི་ཚུ་འཇུག་སྤྱོད་འབདཝ་དང་འོད་རྟགས་ཤུལ་མམ་གྱི་ས་སྒོ་ནང་བཞགཔ་ཨིན།


ཡོངས་ཁྱབ

ཌའི་ལོག་ཡང་ན་ཚད་འཛིན་སེལ་འཐུ་དོན་ལུ་རྒྱུ་དངོས་འདི་ཚུ་ངེས་འཛིན་འབད། ཐོབ་ཚུགས་པའི་རྒྱུ་དངོས་ཚུ་སེལ་འཐུ་འབད་ཡོད་པའི་ཚད་འཛིན་གྱི་དབྱེ་བ་འདི་གུ་རྟེནམ་ཨིན། དེ་འབདཝ་ལས་འོག་གི་རྒྱུ་དངོས་ཚུ་ཚད་འཛིན་གྱི་དབྱེ་བ་རེ་རེ་དོན་ལུ་ཐོབ་མི་ཚུགས།

བྱུང་ལས་ཚུ་

ཌའི་ལོག་ཡང་ན་སེལ་འཐུ་འབད་ཡོད་པའི་ཚད་འཛིན་དོན་ལུ་འབྱུང་ལས་འགན་སྤྲོད་ཚུ་ངེས་འཛིན་འབད། འབྱུང་ལས་ཐོབ་ཚུགས་མི་འདི་ཚུ་སེལ་འཐུ་འབད་ཡོད་པའི་ཚད་འཛིན་གྱི་དབྱེ་བ་འདི་གུ་རྟེནམ་ཨིན།

Please support us!