ཤོག་སྨིན་དང་ཤོག་ཞབས་སྐོར་

ཤོག་སྨིན་དང་ཤོག་ཞབས་ནི་ཤོག་ངོས་ཀྱི་སྟེང་འོག་མཐའ་རྒྱང་ནང་གི་ས་ཁོངས་ལ་ཟེར་ ཁྱེད་ཀྱིས་འདིར་ཡི་གེའམ་རིས་རྟགས་གསབ་སྣོན་བྱེད་ཆོག ཤོག་སྨིན་དང་ཤོག་ཞབས་ཀྱི་ནང་དོན་མིག་སྔའི་ཤོག་ངོས་ནང་གསབ་སྣོན་བྱེད། བཟོ་ལྟ་གཅིག་མཚུངས་སྤྱད་པའི་ཤོག་ངོས་ཚང་མར་གསབ་སྣོན་གྱི་ཤོག་སྨིན་དང་ཤོག་ཞབས་ཐོབ། ཁྱེད་ཀྱིས་ཡི་གེ་ལས་སྣོན་ཡིག་ཚགས་ནང་གི་ཤོག་སྨིན་དང་ཤོག་ཞབས་ནང་ཁོངས་བསྒར་འཛུད་བྱ།(དཔེར་ན་ཤོག་ཨང་དང་ལེའུ་ས་བཅད་ཁ་བྱང་)

ཟུར་མཆན་རིས་རྟགས་

མིག་སྔའི་ཤོག་ངོས་ཀྱི་ཤོག་ངོས་བཟོ་ལྟ་གནས་སྟངས་ཚང་ནང་མངོན།


HTML ཡིག་ཚགས་ནང་ཤོག་སྨིན་དང་ཤོག་ཞབས་

ཤོག་སྨིན་དང་ཤོག་ཞབས་འདེམས་གཞི་ཁ་ཤས་ HTML ཡིག་ཚགས་ལ་སྤྱད་ན་འཚམས། HTML ཤོག་སྨིན་དང་ཤོག་ཞབས་ལ་རྒྱབ་སྐྱོར་མི་བྱེད་ དེར་བརྟེན་འདྲེན་བཏོན་བྱེད་དུས་དམིགས་བསལ་ཀྱི་བྲིས་རྟགས་སྤྱོད་ མིག་བཤར་ཆས་ནང་དེ་བགས་མངོན་པ་བྱེད་བདེ། "འཕྲུལ་ཐུད་པར་དབྱིབས་"སྐབས་ མ་ཚུལ་ནང་ཤོག་སྨིན་དང་ཤོག་ཞབས་སྒུལ་སྤྱོད་བྱེད་དུས་ HTML ཡིག་ཚགས་ནང་འདི་དག་འདྲེན་བཏོན་བྱེད། བསྐྱར་དུ་ཡིག་ཚགས་ LibreOffice ཁ་ཕྱེ་དུས་ ཤོག་སྨིན་དང་ཤོག་ཞབས་(ཁྱེད་ཀྱིས་བསྒར་འཛུད་བྱས་པའི་ཡིག་དུམ་ཀྱང་ཚུད་)ཚང་མ་ཡངཡང་དག་པའི་ངང་ནས་མངོན།

Please support us!