དམིགས་བསལ་བྲིས་རྟགས་

ཡིག་དུམ་ཚུད་པའི་ཡིག་རྟགས་ཡིག་ཚགས་ HTML ཉར་ཚགས་སྐབས་ LibreOffice ཚེས་གྲངས་དང་དུས་ཚོད་ ཡིག་ཚགས་ཆ་འཕྲིན་ཡིག་དུམ་དེ་རང་འགུལ་གྱིས་དམིགས་བསལ་གྱི་ བྲིས་རྟགས་HTML བརྗེ་བསྒྱུར་བྱེད་ཀྱི་ཡོད། ཡིག་དུམ་ནང་དོན་དེ་ཡིག་དུམ་བརྗེ་སྒྱུར་བྱས་པ་དེ་ནས་ HTML འགོ་ཚུགས་བྲིས་རྟགས་དང་མཇུག་ཁྲོད་བྲིས་རྟགས་འཚམས་སུ་བསྒརའཛུད་བྱེད།དམིགས་བསལ་གྱི་ HTML བྲིས་རྟགས་དེ་དག་ནི་ཚད་ལྡན་གྱི་ HTML བྲིས་རྟགས་མིན།

LibreOffice ཡི་གེ་ལས་སྣོན་སྤྲོད་ཀྱི་ཡིག་དུམ་དེ་ HTML ཡིག་ཚགས་ནང་ <SDFIELD> བྲིས་རྟགས་མཚོན་པ་ཡིན།དམིགས་བསལ་ཡིག་དུམ་གྱི་ཡིག་དུམ་རིགས་、རྣམ་གཞག་དང་མིང་ཚང་མ་ HTML འགོ་ཚུགས་བྲིས་རྟགས་ནང་ཚུད་ཡོད། HTML ནང་འཚག་འདེམས་ཤས་འབྱེད་བྱས་པའི་ཡིག་དུམ་བྲིས་རྟགས་ཀྱི་རྣམ་གཞག་དེ་ཡིག་དུམ་གྱི་རིགས་ལ་རག་ལས་པ་ཡིན།

ཚེ་གྲངས་ཡིག་དུམ་དང་དུས་ཚོད་ཡིག་དུམ།

"ཚེས་གྲངས་"ཡིག་དུམ་དང་"དུས་ཚོད་"ཡིག་དུམ་ཐད་ ཞུགས་གྲངས་ TYPE མཚུངས་ DATETIME ཚེས་གྲངས་དང་དུས་ཚོད་ཀྱི་རྣམ་གཞག་ནི་ཞུགས་གྲངས་ལ་ SDNUM གཏན་འཁེལ་བྱེད་ཀྱི་ཡོད་དེ་ དཔེར་ན་ ཚེས་གྲངས་རྣམ་གཞག་ནི་ DD:MM:YY དུས་ཚོད་རྣམ་གཞག་ནི་ HH:MM:SS

རྒྱས་བཅད་ཀྱི་ཚེ་གྲངས་ཡིག་དུམ་དང་དུས་ཚོད་ཡིག་དུམ་ལས་ ཚེ་གྲངས་སམ་དུས་ཚོད་ནི་ཞུགས་གྲངས་ SDVAL གཏན་འཁེལ་བྱེད་ཀྱི་ཡོད།

རེའུ་མིག་འོག་མའི་ནང་ནི་ LibreOffice ཡིག་དུམ་གྱི་དམིགས་བསལ་ཚེ་གྲངས་དང་དུས་ཚོད་ HTML བྲིས་རྟགས་ཀྱི་དཔེ་གཞི་ཤན་འབྱེད་རྒྱུ་རུང་བ་ཡིན།

ཁོངས།

LibreOffice བྲིས་རྟགས།

ཚེས་གྲངས་རྒྱས་བཅད།

<SDFIELD TYPE=DATETIME SDVAL="35843,4239988426" SDNUM="1031;1031;TT.MM.JJ">17.02.98</SDFIELD>

ཚེ་གྲངས་འགྱུར་བ།

<SDFIELD TYPE=DATETIME SDNUM="1031;1031;TT.MM.JJ">17.02.98</SDFIELD>

དུས་ཚོད་རྒྱས་བཅད།

<SDFIELD TYPE=DATETIME SDVAL="35843,4240335648" SDNUM="1031;1031;HH:MM:SS">10:10:36</SDFIELD>

དུས་ཚོད་(འགྱུར་ཆོག་)

<SDFIELD TYPE=DATETIME SDNUM="1031;1031;HH:MM:SS">10:10:36</SDFIELD>


ཡིག་ཚགས་ཆ་འཕྲིན་ཡིག་དུམ།

ཡིག་ཚགས་ཆ་འཕྲིན་ཡིག་དུམ་ཐད་ཞུགས་གྲངས་ TYPE མཚུངས་ DOCINFO ཞུགས་གྲངས་ SUBTYPEདམིགས་བསལ་གྱི་ཡིག་དུམ་རིགས་སུ་མངོན་པ་ དཔེར་ན་ "གསར་འཛུགས་"ཀྱི་ཡིག་ཚགས་ཆ་འཕྲིན་ཡིག་དུམ་ཡིན་ SUBTYPE=CREATE ཚེས་གྲངས་དང་དུས་ཚོད་ཀྱི་ཡིག་ཚགས་ཆ་འཕྲིན་ཡིག་དུམཐད་ཞུགས་གྲངས་་ FORMAT མཚུངས་ DATE ཡང་ན་ TIME ཞུགས་གྲངས་དང་ SDNUM ཨང་ཀའི་རྣམ་གཞག་བེད་སྤྱོད་སྟོན་གྱི་ཡོད།ཞུགས་གྲངས་ SDFIXED ཡིག་ཚགས་ཆ་འཕྲིན་ཡིག་དུམ་གྱི་ནང་དོན་རྒྱས་བཅད་ཡིས་མིང་སྟོན་པ།

ཚེས་གྲངས་རྒྱས་བཅད་དུས་ཚོད་ཡིག་དུམ་གྱི་ནང་དོན་ཞུགས་གྲངས་ SDVALམཚུངས་པ་རེད་ གལ་སྲིད་ཡིག་དུམ་རྒྱས་བཅད་མིན་ན་ ནང་དོན་དེ་ SDFIELD HTML བྲིས་རྟགས་ཀྱི་བར་འཚོན་ཀྱི་ཡི་གེ་དང་མཚུངས་པ་རེད།

རེའུ་མིག་འོག་མའི་ནང་ནི་ LibreOffice ཡིག་དུམ་གྱི་དམིགས་བསལ་ཡིག་ཚགས་ཆ་འཕྲིན་ HTML བྲིས་རྟགས་ཀྱི་དཔེ་གཞི་ཤན་འབྱེད་རྒྱུ་རུང་བ་ཡིན།

ཁོངས།

LibreOffice བྲིས་རྟགས།

གསལ་བཤད་(ནང་དོན་ས་བཅད་)

<SDFIELD TYPE=DOCINFO SUBTYPE=COMMENT SDFIXED>གསལ་བཤད་</SDFIELD>

ཚེ་གྲངས་གསར་འཛུགས།

<SDFIELD TYPE=DOCINFO SUBTYPE=CREATE FORMAT=DATE SDNUM="1031;1031;QQ JJ">1. Quartal 98</SDFIELD>

དུས་ཚོད་གསར་འཛུགས་(ནང་དོན་ས་བཅད་)

<SDFIELD TYPE=DOCINFO SUBTYPE=CREATE FORMAT=TIME SDVAL="0" SDNUM="1031;1031;HH:MM:SS AM/PM" SDFIXED>03:58:35 PM</SDFIELD>

ཚེ་གྲངས་བཟོ་བཅོས།

<SDFIELD TYPE=DOCINFO SUBTYPE=CHANGE FORMAT=DATE SDNUM="1031;1031;NN TT.MMM JJ">Mo 23.Feb 98</SDFIELD>


Please support us!