LibreOffice 24.8 Help
LibreOffice སྤྱི་འགྲོས་ནང་གྱི་མངོན་པའི་སྡུར་ཚད་ཀྱི་ཞིབ་ཕྲིའི་ཆ་འཕྲིན་དང་དེ་བཞིན་དཔེ་གཞི་འགའ་ཤད་དང་འབྲེལ་ཡོད་སྐོར་འདི་ཪྙེད་ཐུབ། (འདྲེན་རྟགས་དེ་འབུར་དོན་ཡི་གེ་ལ་སྤྱོད་ དཔེ་གཞི་གྲུབ་ཆ་མི་ཚུད། )
ཐེམ་སྒྱུར་མཚོན་རྟགས་ནི་སྡུར་ཚད་ལ་གཞིགས་ནས་འགྱུར་བ་མི་འགྲོ་(དཔེར་ན་ "fact stack{a#b}" དང་ "fact {a over b}")བར་རང་འགྱུར་ཚད་ཀྱི་རྨང་ཐོག་གམ་དཀྱེལ་དུ་སྙོམས་གཤིབ་བྱེད།
རྩ་དོན་ཐོག་ནས་གུག་རྟགས་ལ་འང་ཆེ་ཆུང་རྒྱས་བཅད་ཡིན། དེ་གུག་རྟགས་ལ་སྤྱད་པའི་མཚོན་རྟགས་ཡོད་ཚད་ལ་འཚམས། གཞི་སྡུར་ "(((a)))" "( stack{a#b#c})" "(a over b)"
འོན་ཏེ་ "left" འམ་ "right" ཡིས་ཁྲིས་པའི་གུག་རྟགས་ནི་རྟགས་དུ་རང་འགྱུར་ཚད་ཀྱི་ཆེ་ཆུང་ལ་གཞིགས་ནས་འགྱུབ་འགྲོ་ གཞི་སྡུར་ "left(left(left(a right)right)right)" "left(stack{a#b#c}right)" "left(a over b right)"
ཆ་ཤས་གཏོགས་གཤིབ་ཆེ་ཆུང་རྒྱ་བཅད་; དེ་དག་མཚོན་རྟགས་རིང་བའི་སྟེང་གནས་པའི་སྐབས་དེ་དག་གྱི་ཆེ་ཆུང་འགྱུར་མི་རུང་།
གྲུབ་ཆ་ཡང་དག་ཡོང་བ་འགན་སྲུང་བྱ་བྱེད་ དངོས་དཔེའི་ནང་གི་སྟོང་མིག་ནི་མེད་ན་མེད་བསྒྲིགས་པ་ཡིན། ལག་སྒུལ་གྱི་"བཀའ་ཚིག་་"སྒེའུ་ཁུང་ནང་ནང་བཅུག་བྱ་སྐབས་དེ་དག་སུབ་མི་ཐུབ།