ཁྲེ་ཚོན་

LibreOffice གསལ་སྟོན་ཡིག་ཟིན་ནང་ལས་ཀའི་བར་སྟོང་གཡོན་གཞོགས་སྟེང་གཞོགས་ཀྱིས་དྲང་འཕྱང་ཁྲེ་ཚོན་དང་ཆུ་སྙོམས་ཁྲེ་ཚོན་སྤྱད་དེ་རོགས་རམ་གྱི་ཤོག་ངོས་གསར་བཟོ་བྱེད་དགོས་

དྲན་བརྡའི་རིས་རྟགས་

བྱ་ཡུལ་ཞིག་འདེམས་སྐབས་ ཁྲེ་ཚོན་སྟེང་མཐལ་མདོག་གི་ཐིག་སྐུད་ཆ་མངོན་ཏེ་བྱ་ཡུལ་དེའི་ཁྲེ་ཚོན་དྲན་བརྡ་བྱེད་ ཞིབ་གཙིགས་ནང་འདེམས་ངེས་ཀྱི་བྱ་ཡུལ་ཆེ་ཆུང་བཟོ་བཅོས་བྱེད་དགོས་ན་ ཁྲེ་ཚོན་ཐོག་དེའི་ནང་གི་ཐིག་སྐུད་ཆ་གཅིག་གནས་ས་གསར་པ་གཅིག་ལ་འདྲུད་འགུལ་བྱེད་དགོས།


ཤོག་ངོས་སྟེང་ཡི་གེའི་བྱ་ཡུལ་འདེམས་སྐབས་ཆུ་སྙོམས་ཁྲེ་ཚོན་སྟེང་ནས་བསྐུམ་དང་རིའུ་བཟོའི་རྟགས་མངོན་ཡི་གེའི་བྱ་ཡུལ་ནང་བསྐུམ་མམ་རིའུ་བཟོ་བཅོས་དགོས་ན་ ཁྲེ་ཚོན་སྟེང་ནང་བསྐུམ་མམ་རིའུ་བཟོའི་རྟགས་ཀྱི་བྲིས་རྟགས་གནས་ས་གསར་པ་གཅིག་ལ་འདྲུད་འགུལ་བྱེད།

ཁྲེ་ཚོན་ནང་ གནས་ཚད་ཐིག་ ཕྱིར་འབུད་ཀྱིས་ སྒྲོན་བཪྙན་སྤྱིན་ཤོག་ནང་བྱ་ཡུལ་སྙོམ་སྒྲིག་བྱེད་ ཁྲེ་ཚོན་སྤྱོད་དགོས་ན་གནས་ཚད་ཐིག་བསྒར་འཛུད་བྱེད་ཁྲེ་ཚོན་མཐའ་འགྲམ་སྒྲོན་བཪྙན་སྤྱིན་ཤོག་ནང་འདྲུད།

ཁྲེ་ཚོན་མངོན་པའམ་གབ་ན་ མཐོང་རིས་ - ཁྲེ་ཚོན་འདེམས་དགོས།

ཁྲེ་ཚོན་འཇལ་ཚད་སྡེ་ཚན་གཏན་འཁེལ་གྱིས་ཁྲེ་ཚོན་སྟེང་རྩི་རྟགས་གཡས་མཐེབ་རྐྱང་རྡེབ་རྗེས་རིའུ་འགོད་ནང་སྡེ་ཚན་འདེམས་དགོས།

ཁྲེ་ཚོན་འགོ་འཛུགས་ཚེག་བཟོ་བཅོས་བྱེད་དགོས་ན་ (0 ཚེག་) གཡོན་གྱི་སྟེང་ཟུར་ཁྲེ་ཚོན་གཉིས་ཀྱི་འབྲེལ་ཚེག་ལས་ཀའི་བར་སྟོང་ནང་འདྲུད་ན་དྲང་ཆང་དང་ཆུ་སྙོམས་རིགས་ཐིག་གཉིས་མངོན་ མུ་མཐུད་འདྲུད་འགུལ་གྱིས་དྲང་འཕྱང་དང་ཆུ་སྙོམས་རོགས་ཐིག་གི་འབྲེལ་ཚེག་དགོས་མཁོ་ཡོད་པའི་འགོ་འཛུགས་ཚེག་གསར་པའི་གནས་སར་གནས་རྗེས་རྩི་རྟགས་གློད་དགོས།

ཤོག་ལྷེབ་མཐའ་འགྲམ་ལ་བཟོ་བཅོས་དགོས་ན་ ཁྲེ་ཚོན་ནང་དཀར་པོའི་ནང་ཁོངས་ཀྱི་མཐའ་འགྲམ་འདྲུད་འགུལ་བྱེད།

Please support us!