LibreOffice 7.6 Help
གནས་ཚད་ཚེགས་སམ་གནས་ཚད་ཐིག་བསྒར་འཛུད་ཀྱིས་དེ་དག་བརྒྱུད་ཤོག་ངོས་ཐོག་གི་བྱ་ཡུལ་མྱུར་བར་སྙོམས་གཤིབ་ཐུབ་ཤོག་ངོས་གཏག་པར་རམ་གསལ་སྟོན་བྱེད་པའི་སྐབས་གནས་སམ་ཐིག་མི་མངོན་པས་དྲ་རྒྱ་ཁ་མ་ཕྱེ་ནའང་གནས་ཚད་ཐིག་སྤྱོད་ཐུབ་
ཚད་ཁྲེའི་སྟེང་ནས་གནས་ཚད་ཐིག་འདྲུད་ནས་དེ་ཉིད་ཤོག་ངོས་ཐོག་བཞག་ཆོག་གལ་སྲིད་དོར་དགོས་བ་དེ་ཉིད་ཚད་ཁྲེའི་ཐོག་ཕྱིར་འདྲུད་དགོས་
གནས་ཚད་ཚེགས་སམ་ཐིག་གི་ཉེ་འགྲམ་དུ་བྱ་ཡུལ་བཟོ་བའམ་སྤོབས་ནས་དེ་ཉིད་གནས་སུ་སྙོམས་གཤིབ་བྱ་དགོས་
སྙོམས་གཤིབ་ཁྱབ་ཁོངས་གཏན་འཁེལ་བཟོ་དགོས་ན་[ཡོ་བྱད་] - [གདེམ་གཞི་...] - རིས་འགོད་ - དྲ་རྒྱ་[ཡོ་བྱད་] - [གདེམ་གཞི་..] - གསལ་སྟོན་ཡིག་ཟིན་ - དྲ་རྒྱ་
ལྟོས་བཅས་སུ་གྱུར་པའི་ཤོག་ངོས་གཡོན་ཐོད་དུ་གདེམ་ངེས་ཀྱི་གནས་ཚད་ཐིག་གི་གནས་ས་གཏན་འཁེལ་བཟོ་བ་
ཡང་གནས་ཚད་ཚེགས་སམ་གནས་ཚད་ཐིག་གནས་གསར་པར་འདྲུད་ཀྱང་ཆོག་
ཤོག་ངོས་ཀྱི་གཡོན་མཐར་གནས་་ཚད་ཚེགས་སམ་གནས་ཚད་ཐིག་ནང་འཇུག་བྱེད་པ་
གནས་ཚད་ཐིག་དེ་ཤོག་ངོས་ཐོད་ཀྱི་མཐའ་འགྲམ་དབར་གྱི་བར་ཆེད་དུ་ནང་འཇུག་བྱ་དགོས་
བསྒར་འཛུད་དགོས་པའི་གནས་ཚད་བྱ་ཡུལ་གྱི་རིགས་གཏན་འཁེལ་བཟོ་བ་
གནས་ཚད་ཚེགས་ཤིག་བསྒར་འཛུད་བྱེད་པ་(བརྒྱ་གྲམ་ཟོལ་ཐིགས་)
དྲང་འཕྱང་ཁ་ཕྱོགས་ཀྱི་གནས་ཚད་ཐིག་ཅིག་སྒར་འཛུད་བྱེད་པ་
ཆུ་སྙོམས་ཁ་ཕྱོགས་ཀྱི་གནས་ཚད་ཐིག་ཅིག་སྒོར་འཛུད་བྱེད་པ་