LibreOffice 24.8 Help
དྲས་སྦྱར་པང་ཐོག་གསོག་ཉར་གྱི་ནང་དོན་བེད་སྤྱོད་མི་འདྲ་བའི་རྣམ་གཞག་གི་ཡིག་ཚགས་ནང་སྦྱར། LibreOffice ནང་ ཁྱེད་ཀྱིས་གང་འདྲ་བྱས་ཏེ་གླེང་སྒྲོམ་བེད་སྤྱོད་པ་ཡང་ན་གཤམ་འཐེན་རིས་རྟགས་སྦྱར་བའི་ནང་དོན་འདེམས།
འདེམས་གཞི་མཐོང་དྲས་སྦྱར་པང་ནང་དོན་ལ་བརྟེན་ནས་གཏན་འཁེལ་བྱེད་པ་སྤྱོད་རུང་།
བསྒྱུར་བཅོས་བྱས་རྗེས་
+Shift+Enter"ཚད་གཞིའི་ཚང་"ཐོག་སྦྱར་བ་རིས་རྟགས་འགྲམ་གྱི་མདའ་རྩེ་རྐྱང་རྡེབ་ཚལ་ཐོ་ཁ་ཕྱེས།
འོག་གི་འདེམས་གཞིའི་གྲས་ཞིག་འདེམས།
གལ་སྲིད་འབྲས་བུ་མ་འདོད་ན་ ཕྱིར་འཐེན་རིས་རྟགས་རྐྱང་རྡེབ་བྱེད་ དེ་རྗེས་བསྐྱར་དུ་འདེམས་གཞི་གཞན་སྦྱར་བ་བེད་སྤྱོད།
[རྩོམ་སྒྲིག་] - [འདེམས་པའི་རང་བཞིན་གྱི་སྦྱར་བ་...]འདེམས།
འདེམས་གཞི་ཞིག་འདེམས་པ་མ་ཟད་ "གཏན་འཁེལ་"རྐྱང་རྡེབ་བྱེད།
གལ་སྲིད་ཁྱེད་ཀྱིས་གློག་རྡུལ་རེའུ་མིག་ལས་སྣོན་བྱེད་ན་ དྲས་སྦྱར་པང་ནང་དོན་གློག་རྡུལ་རེའུ་མིག་དྲ་མིག་ཡིན་ དེ་ནས་འདེམས་པའི་རང་བཞིན་གྱི་དྲས་སྦྱར་གླེང་སྒྲོམ་ཐོན། འདེམས་པའི་རང་བཞིན་གྱི་དྲས་སྦྱར་གླེང་སྒྲོམ་ནང་གི་གཞི་རྩ་ཡང་ན་མཐོང་རིས་འདེམས་གཞི་དྲ་མིག་ལ་འདྲ་ཕབ་བྱེད་པ་འདེམས་པ།
བརྗེ་སྒྲིག་ སྦྱར་བའི་དྲ་མིག་ས་ཁོངས་ཀྱི་ཕྲེང་དང་སྟར་བརྗེ་རེས་བྱེད།
ཐག་སྦྲེལ་ དྲ་མིག་ས་ཁོངས་སྦྱར་བ་ཐག་སྦྲེལ་བྱེད། གལ་སྲིད་ཁུངས་ཡིག་ཆ་འགྱུར་བ་བྱུང་ན་ སྦྱར་བའི་དྲ་མིག་ཡང་དེ་བསྟུན་འགྱུར་བ་འགྲོ།
LibreOffice གློག་རྡུལ་རེའུ་མིག་ནང་"འདེམས་པའི་རང་བཞིན་སྦྱར་"གླེང་སྒྲོམ་ཁོལ་སྤྱོད་སྐབས་ཡིག་ཚགས་ནང་འདེམས་གཞི་གཞན་ངོ་སྤྲོད་བྱེད་རྒྱུ་རོགས་རམ་བྱེད།