རིས་འགོད་བྱེད་ནུས་བེད་སྤྱད་ནས་རེས་འགོད་རིས་དབྱིབས་བཟོ་དགོས་

ལྟ་ཞིབ་ - ཡོ་བྱད་ཚང་ - རིས་འགོད་ཁ་ཕྱེ་རིས་འགོད་ཡོ་བྱད་ཚང་(གལ་ཏེ་དེ་ཁ་ཕྱེ་མེད་ན་འདེམས་པ་བྱ་)

དེ་རྗེས་རིས་འགོད་བྱ་ཡུལ་རྩོམ་སྒྲིག་དང་བཟོ་བཅོས་བྱས་ཆོག ཐབས་ཤེས་དེ་སྤྱད་ནས་རྩོམ་སྒྲིག་བྱས་པའི་རིས་འགོད་བྱ་ཡུལ་ནི་ཕྱོགས་ཚད་རིས་དབྱིབས་ཡིན་ རང་དབང་ངང་རྐྱངས་སྐུམ་བྱས་ཆོག་པ་ལས་སྤོ་ཚད་ལ་སྐྱོན་ཞོར་རིགས་གང་ཡང་མི་ཐོན།

གྲུབ་གཞི་གསར་འཛུགས་བྱེད་ན་ གྲུབ་གཞི་རིས་རྟགས་ལ་རྐྱང་རྡེབ་བྱེད་ དེ་ནས་འོད་རྟགས་ཡིག་ཚགས་ནང་གི་གྲུབ་བཞི་འཇོག་རྒྱུའི་ཟུར་ཞིག་གིས་གནས་ས་འཇོག་དགོས། ཙིག་རྟགས་མཐེབ་གནོན་པ་དང་ དུས་མཚུངས་གྲུབ་ཞི་གཏད་ཟུར་ནང་འདྲུད་འཇོག་བྱ། ཙིག་རྟགས་མཐེབ་ལྷོད་རྗེས་གྲུབ་གཞི་ཡིག་ཚགས་ནང་ བསྒར་འཛུད་བྱེད། འདི་སྐབས་གྲུབ་བཞི་འདེམས་པ་དང་ གཡས་མཐེབ་ཚལ་ཐོ་བརྒྱུད་དེ་གཏོགས་གཤིས་རྩོམ་སྒྲིག་བྱེད།

note

རིས་འགོད་བྱ་ཡུལ་གསར་འཛུགས་དང་རྩོམ་སྒྲིག་རྗེས་ཡིག་གེ་མ་ཚུལ་ལ་བསྐྱར་གསོ་བྱེད་དགོས་ན་ རིས་འགོད་བྱ་ཡུལ་ལམ་བྱ་ཡུལ་གཞན་དག་མ་མདུད་པའི་ཡིག་ཚགས་ས་ཁོངས་ནང་རྐྱང་རྡེབ་བྱ། གལ་ཏེ་རིས་འགོད་འོད་རྟགས་མཐོང་ན་ འདེམས་པ་རིས་རྟགས་ལ་རྐྱང་རྡེབ་ཀྱིས་མ་ཚུལ་དེ་ལས་ཕྱིར་འཐེན་བྱེད།


Please support us!