ODBC

འབྲེལ་ཡོད་ ODBC གཞི་གྲངས་མཛོད་ཀྱི་བཀོད་སྒྲིག་བྱེད། དེའི་ནང་སྤྱོད་པོའི་འཚམས་འདྲིའི་གཞི་གྲངས་དང་འགུལ་འདེད་བྱ་རིམ་བཀོད་སྒྲིག་དང་ཡིག་གཟུགས་གཏན་འཁེལ་ཚུད་ཡོད།

སྤྱོད་པོའི་མིང་།

གཞི་གྲངས་མཛོད་ལ་འཚམས་འདྲི་བྱེད་པའི་མིང་ནང་འཇུག་བྱ།

གསང་ཨང་ནང་འཇུག་བྱེད་དགོས་པ།

Prevents an unauthorized user from accessing the database. You only need to enter the password once per session.

སྒུལ་འདེད་བྱ་རིམ་བཀོད་སྒྲིག

གལ་ཏེ་དགོས་མཁོ་ཡོད་ན་ ཡིག་དེབ་འདིའི་ཡིག་དུམ་སྤྱད་དེ་གཞན་པའི་སྒུལ་འདེད་བྱ་རིམ་འདེམས་གཞི་བཀོད་སྒྲིག་བྱེད།

ཡིག་རྟགས་ཚོགས།

LibreOffice ནང་གཞི་གྲངས་མཛོད་ཀྱི་ཚབ་ཨང་བརྗེ་པོར་སྤྱོད་པ་འདེམས་དགོས། ཚབ་ཨང་འདིས་གཞི་གྲངས་མཛོད་ལ་ཤུགས་རྐྱེན་མི་བྱེད། "མ་ལག་"བདམས་ནས་བཀོལ་སྤྱོད་མ་ལག་གི་ཁས་ལེན་ཡིག་རྟགས་ཚོགས་བེད་སྤྱོད་བྱེད། ཡི་གེ་དང་གཞི་གྲངས་མཛོད་ dBase ནང་ཚང་མར་ཡིག་རྟགས་ཀྱི་རིང་ཚད་གཏནའཁེལ་བྱས་པའི་ཡིག་རྟགས་ཚོགས་སྤྱོད་པ་དང་ དེའི་ནང་ཡིག་རྟགས་ཡོད་ཚད་མཚུངས་པའི་ཡིག་ཚིགས་ཀྱིས་ཨང་སྒྲིག་བྱེད།

རྒྱུན་གཏན།

སྐྱེས་གྲུབ་ཐང་ཞིབ་དཔྱད་དཔྱད་ཚུལ།

སྒུལ་སྤྱོད་བྱས་ན་ LibreOffice མིག་སྔའི་ ODBC ཡང་ན་ JDBC གཞི་གྲངས་ཁུངས་ཀྱི་རང་འགུལ་གཞི་གྲངས་ཁུངས་ཡིག་དུམ་ལ་རྒྱབ་སྐྱོར་བྱེད།གལ་ཏེ་གཞི་གྲངས་མཛོད་ཀྱིས་ SDBCX རིམ་དབྱེའི་ནང་གི་རང་འགུལ་རིམ་འབར་བྱེད་དུས་ལ་རྒྱབ་སྐྱོར་མི་བྱེད་ན་བསྐྱར་འདེམས་སྒྲོམ་འདི་འདེམས་དགོས་ སྤྱི་བཏང་གི་གནས་ཚུལ་འོག་འགག་གནད་ཡི་གེ་གཙོ་བོས་བདམས་པ་ཞིག་རེད།

རང་འགུལ་རིམ་འཕར་བརྗོད་པ།

SQL བཀའ་ཚིག་གི་གསལ་བཤད་རྟགས་ནང་འཇུག་བྱ་ གསལ་བཤད་རྟགས་འདི་སྤྱད་དེ་གཞི་གྲངས་ཁུངས་རང་འགུལ་ངང་རིམ་འཕར་གྱིས་གཏན་འཁེལ་བྱས་པའི་ཧྲིལ་གྲངས་གཞི་གྲངས་ཡིག་དུམ་སྟོན་པར་སྤྱོད། དཔེར་ན་ གཞི་གྲངས་ཡིག་དུམ་གྱི་དཔེ་མཚོན་བརྗོད་པ་ SQL ནི།

CREATE TABLE "table1" ("id" INTEGER)

MySQL གཞི་གྲངས་མཛོད་ནང་གི་"id"གཞི་གྲངས་ཡིག་དུམ་རང་འགུལ་རིམ་འཕར་བྱེད་ན་ ཁྱེད་ཀྱིས་བརྗོད་པ་ཕལ་བཟོ་བཅོས་བྱ་

CREATE TABLE "table1" ("id" INTEGER AUTO_INCREMENT)

སྐད་ཆ་གཞན་ཞིག་ནས་བཤད་ན་ རང་འགུལ་རིམ་འཕར་བརྗོད་པ་སྒྲོམ་ནང་ AUTO_INCREMENTནང་འཇུག་བྱེད།

སྐྱེ་གྲུབ་གྲངས་ཐང་བཙལ་འདྲི།

འགག་གནད་ཡི་གེ་གཙོ་བོའི་གཞི་གྲངས་ཡིག་དུམ་གྱི་མཐའ་མཇུག་གི་རང་འགུལ་རིམ་འཕར་ཐང་གི་བརྗོད་པ་ SQL ཕྱིར་ལོག་བྱེད། དཔེར་ན་

SELECT LAST_INSERT_D();

SQL92 སྤྱད་དེ་སྒྲིག་སྲོལ་ལ་མིང་འདོགས།

གཞི་གྲངས་ཁུངས་ནང་ SQL92 མིང་འདོགས་སྒྲིག་སྲོལ་གྱི་ཡིག་རྟགས་མིང་ལ་འཚམས་པ་ཙམ་བེད་སྤྱོད་བྱེད། ཡིག་རྟགས་གཞན་པ་ཚང་མ་བེད་སྤྱོད་བྱེད། མིང་ཁག་ངེས་པར་དུ་ཡིག་ཆེན་ཡིག་འབྲུ་དང་ ཡིག་ཆེན་ཡིག་འབྲུའམ་གཤམ་ཐིག་གི་ (_) འགོ་འཛུགས་པར་བྱེད། ཡིག་རྟགས་གཞན་པ་རྣམས་ ASCII ཡིག་འབྲུ་དང་གཤམ་ཐིག་དང་གྲངས་ཀ་ཡིན་ཆོག

ཡིག་ཆ་གཞིར་བྱས་པའི་གཞི་གྲངསམཛོད་ནང་རིགས་དབྱེ་བེད་སྤྱོད་བྱེད།

བཀར་ཆག་གི་མིག་སྔའི་གཞི་གྲངས་ཁུངས་བེད་སྤྱོད་བྱེད། ODBC གཞི་གྲངས་ཁུངས་ཀྱི་གཞི་གྲངས་མཛོད་ལ་ཞབས་ཞུ་བྱེད་དུས་སྤྱོད་དགོས་ཤིན་ཏུ་ཆེ། གལ་ཏེ་གཞི་གྲངས་ཁུངས་ ODBC ནི་སྒུལ་འདེད་བྱ་རིམ་ dBase ཡིན་ན་ ཁྱེད་ཀྱིས་བསྐྱར་འདེམས་སྒྲོམ་འདི་སྟོང་པར་གསོག་ཉར་བྱ།

Please support us!