HTML འཚག་གདེམ་ཆས་དང་རེའུ་བྱང་།

HTML ཡིག་ཚགས་ནང་ཚོད་ཆས་གཞི་རྒྱུ་ཡོད་ཚད་དང་རེའུ་བྱང་ལས་བྱ་ཡོད་ཚད་བེད་སྤྱོད་བྱེད་ཆོག ད་བར་ལས་བྱ་ཧ་ཅང་མང་པོ་ (དཔེར་ན་མདོ་ཚེག་ལས་བྱ་) ད་བར་བཟོ་བཅོས་བྱས་མེད་ དེ་དག་མུ་མཐུད་འདྲེན་འཇུག་དང་འདྲེན་སྟོན་བྱེད་ དཔེར་ན་ JavaScript ཡི་ ONFOCUS、ONBLUR སོགས་ལ་སྤྱོད་ LibreOffice ཧུང་གི་ SDONFOCUS、SDONBLUR སོགས་ལ་སྤྱོད།

འཇབ་ཉན་མཐུད་ཁ་དང་ལས་བྱའི་ཐབས་ཤེས་མིང་ལས་གྲུབ་པའི་ཀུན་སྤྱོད་མིང་གཞན་པའི་ལས་བྱ་ཡོད་ཚད་ལའང་སྤྱོད་ཐོ་འགོད་ནི་ XListener::method ཡིན། འདྲེན་སྟོན་ནི།

SDEvent-XListener-method = "/* event-code */"

ཡིད་གཟབ་མཛོད་ འདེམས་གཞི་འདིའི་ནང་གི་ XListener- དང་ method ཚོ་ཆས་ཆེ་བྲིས་ལ་ཚོར་བ་སྐྱེན་པོ་ཡོད།

ཚོད་འཛིན་གྱི་བྱ་ལས་ཐག་གཅོད་ནི་ LibreOffice API སྤྱད་ནས་མངོན་འགྱུར་བྱེད། ཚོད་འཛིན་ལ་ལས་བྱ་གཏན་འཁེལ་བྱེད་དུས་བྱ་ཡུལ་གྱིས་རང་ཉིད་ནང་ཁུལ་ཐོ་འགོད་ཀྱི་རྣམ་པས་དམིགས་འཛུགས་ཚོད་འཛིན་གྱི་ "བསྡུ་ཉན་པ།"ལ་ཐོ་འགོད་བྱེད། དེར་བརྟེན་བྱ་ཡུལ་འདིར་ངེས་པར་དུ་དམིགས་འཛུགས་ཀྱི་མཐུད་ཁ་སྤྱོད་ དཔེར་ན་ XFocusListener མཐུད་ཁ་ཡིས་བསྡིགས་པའི་བྱ་ལས་ལ་ཚོར་སྣང་བྱེད་པར་སྟབས་བདེ་སྐྲུན་ བྱ་ལས་ཐོན་རྗེས་ཚོད་འཛིན་གྱིས་བསྡིགས་དུས་བསྡུ་ཉན་མཁན་གྱི་མཐུད་ཁའི་དམིགས་བསལ་ཐབས་ཤེས་དང་ལེན་བྱེད། ནང་ཁུལ་ཐོ་འགོད་ཀྱི་བྱ་ཡུལ་དེ་རྗེས་ལས་བྱ་འདི་ལ་གཏན་འཁེལ་བྱས་པའི་JavaScript ཡང་ན་LibreOffice ཧུང་ཚབ་ཨང་བཀོལ་སྤྱོད་བྱེད།

HTML འཚག་འདེམས་ཀྱིས་གནད་ལ་འཁེལ་བའི་སྒོ་ནས་འཇབ་ཉན་མཐུད་ཁ་དང་ཐབས་ཤེས་ཀྱི་མིང་བེད་སྤྱོད་བྱེད་རོགས་མཁོར་གཞིགས་ནས་ལས་བྱ་འདྲེན་འཇུག་དང་འདྲེན་རོན་བྱེད། མདོ་ཚེག་ལས་བྱ་ཐོ་འགོད་བྱེད་ན་བརྒྱུད་ཆོག་གོ

<INPUT TYPE=text ONFOCUS="/* code */"

བརྒྱུད་པ་མ་ཡིན་པ།

<INPUT TYPE=text SDEvent-XFocusListener-focusGained="/* code */"

ཐོ་འགོད། འདི་ལྟར་དགོས་ཁོར་གཞིགས་ནས་ལས་བྱ་ཐོ་འགོད་བྱེད་ཆོག་ཅིང་རེའུ་འགོད་སྒྲོམ་ནང་མཁོ་འདོན་མ་བྱས་པའི་ལས་བྱ་ཡང་ཚུད་ཡོད། ལས་བྱའི་ཞབས་དེབ་སྐད་ཡིག་ལ་མཚན་འཇོག་བྱེད་ན་ཁྱེད་ཀྱིས་ཡིག་ཚགས་ཁ་བྱང་ནང་གཤམ་གྱི་ཡིག་ཕྲེང་འབྲི་འཇུག་བྱ།

<META HTTP-EQUIV="content-script-type" CONTENT="...">

CONTENT ལ་LibreOffice ཧུང་གི་"ཡི་གེ་/x-StarBasic"སྤྱོད་པའམ་ཡང་ན་ JavaScript ཡི་ "ཡི་གེ་/JavaScript"སྤྱོད། གལ་སྲིད་ནང་དོན་གང་རུང་ཞིག་ཀྱང་མ་སྤྲད་ན་ JavaScript ནང་སྤྲོད་དོ།

འདྲེན་སྟོན་བརྒྱུད་རིམ་ནང་ཧུང་དོ་དམ་ནང་གཞིར་བྱས་ནས་ཪྙེད་པའི་མ་ཚུལ་ཨང་དང་པོས་ཁས་ལེན་གྱི་ཞབས་དེབ་སྐད་ཡིག་མཚན་འཇོག་བྱེད།

Please support us!