གཡས་མཐེབ་ཚལ་ཐོའི་དྲས་སྦྱར་རི་མོའི་མཛོད།

གང་འདྲ་བྱས་ནས་བདམས་པའི་རིས་དབྱིབས་བྱ་ཡུལ་ཡིག་ཚགས་ནང་བསྒར་འཛུད་བྱེད་པ་མཚན་འཇོག་བྱེད།

བདམས་པའི་རིས་དབྱིབས་བྱ་ཡུལ་གྱི་འདྲ་ཕབ་ཆས་ཐད་ཀར་ཡིག་ཚགས་ནང་བསྒར་འཛུད་བྱེད། ཁུངས་རིས་དབྱིབས་དང་འབྲེལ་བ་ཅི་ཡང་མེད། "འདྲ་ཕབ་"བཀའ་ཚིག་སྤྱད་པའི་ཡིག་ཚགས་ཉར་ཚགས་བྱེད་དུས་ཟིན་དགོས་པའི་གསོག་འཇོག་བར་སྟོང་ནི་བེད་སྤྱད་པའི་"ཐག་སྦྲེལ་"གྱི་ཡིག་ཚགས་ལས་ཀྱང་ཆེ།

བདམས་པའི་རིས་དབྱིབས་ཐག་སྦྲེལ་ལ་བརྩིས་ནས་བསྒར་འཛུད་བྱ་བར་འགྱུར། ཐག་སྦྲེལ་གྱི་རིས་དབྱིབས་བྱ་ཡུལ་ནི་ཁུངས་ཡིག་ཆར་འདྲེན་སྤྱོད་བྱ་རྒྱུ་དེ་ཡིན། ཐག་སྦྲེལ་གྱི་དགེ་མཚན་ནི་ཐག་སྦྲེལ་གྱི་རིས་དབྱིབས་ནི་ཁུངས་ཡིག་ཆའི་"འདྲ་ཕབ་ཆས་"ཀྱིས་ཟིན་པའི་གསོག་ཉར་བང་སྟོང་ལས་ཆུང་།

སྔོན་བལྟ་ བཀའ་ཚིག་གིས་བདམས་པའི་རིས་དབྱིབས་མངོན། ཡང་བསྐྱར་སྔོན་བལྟ་བདམས་ན་གདོད་མའི་མཐོང་རིས་སླར་གསོ་བྱེད། ཁྱེད་ཀྱིས་རིས་དབྱིབས་སྟེང་ཆ་རྡེབ་བྱེད་པའམ་སྟོང་མིག་མཐེབ་མནན་ནས་སྔོན་བལྟ་ཁ་ཕྱེ་བའམ་ཁ་རྒྱག་དགོས།

བདམས་པའི་དྲས་སྦྱར་པར་རིས་མཛོད་བྱ་ཡུལ་ལ་ཁ་བྱང་ཞིག་གཏན་འཁེལ་བྱེད།པར་རིས་མཛོད་གཙོ་དོན་ངེས་པར་དུ་སྲུང་སྐྱོབ་འབྲི་རྒྱུ་ཡིན་དགོས། "གཏན་འཁེལ་"ལ་རྐྱང་རྡེབ་བྱས་ནས་ནང་འཇུག་ཁ་བྱང་གླེང་སྒྲོམ་སྟེ་ཁ་བྱང་བཀོད་སྒྲིག་ཁ་རྒྱག་དགོས། ཐག་སྦྲེལ་གྱི་བྱ་ཡུལ་ལ་ཁ་བྱང་རྒྱབ་ཀྱི་གུག་རྟགས་འབྲིང་བའི་ནང་ཁུངས་བརྒྱུད་ལམ་མངོན།

ངོས་ཟིན་རྗེས་བདམས་པའི་རིས་དབྱིབས་སུབ་བོ།

Please support us!