་གཡས་མཐེབ་ཚལ་ཐོ།

དྲས་པ།

བདམས་ཟིན་པའི་བྱ་ཡུལ་དྲས་བཏུབ་དང་དེ་ཉིད་དྲས་སྦྱར་པར་དུ་ཉར་ཚགས་བྱེད་ སྦྱར་བ་སྤྱད་པ་ཡིས་དྲས་སྦྱར་པར་ནས་བསྐྱར་དུ་བྱ་ཡུལ་འདི་ཉིད་བསྒར་འཛུད་ཐུབ།

སྦྱར་བ།

དྲས་སྦྱར་པར་སྟེང་དུ་སྤོ་འགུལ་བྱས་པའི་གཞི་རྒྱུ་ཡིག་ཚགས་ནང་བསྒར་འཛུད་བྱེད་པ། དྲས་སྦྱར་པར་གི་ནང་དོན་མིག་སྔའི་འོད་རྟགས་གནས་ཡུལ་དུ་བསྒར་འཛུད་ཐུབ་པའི་སྐབས་བཀའ་ཚིག་འདི་ད་གཟོད་བཀོལ་སྤྱོད་ཐུབ།

ཞུགས་པ།

དྲས་སྦྱར་རི་མོའི་མཛོད་ནང་ཚལ་ཐོའི་བཀའ་ཚིག་ཁ་ཕྱེ་ན་ཁྱེད་ཀྱིས་འདྲ་ཕབ་དང་ཐག་སྦྲེལ་བར་བདམས་ཆོག་ ཁྱེད་ནས་ཡན་ལག་ཚལ་ཐོ་བཀའ་ཚིག་གཅིག་བདམ་རྗེས་བདམ་ཟིན་དཔེ་རིས་གཟུགས་དེ་མིག་སྔའི་ཡིག་ཚགས་ནང་འདྲ་ཕབ་བྱས་ཆོག་ལ་ཡང་ན་ཡིག་ཚགས་ནང་རིས་གཟུགས་འདི་དང་ཐག་སྦྲེལ་ཞིག་འཛུགས་ཆོག

warning

གལ་སྲིད་ཡིག་ཚགས་ནང་བྱ་ཡུལ་ཞིག་བདམས་ན་གསར་དུ་བསྒར་འཛུད་བྱས་པའི་བྱ་ཡུལ་བདམས་ཟིན་པའི་བྱ་ཡུལ་བརྗེས་བར་གྱུར།


རྒྱབ་ལྗོངས།

འདིར་ཁྱེད་ནས་བདམ་ཟིན་པའི་རིས་དབྱིབས་དེ་རྒྱབ་ལྗོངས་ཚོས་གཞི་བརྩིས་ནས་བསྒར་འཛུད་བྱས་ཆོག་ རྒྱབ་ལྗོངས་ཀྱི་ཡན་ལག་ཚལ་ཐོའི་བཀའ་ཚིག་ཤོག་དང་དུམ་མཚམས་ལ་བརྟེན་ནས་ཁྱེད་ཀྱིས་བསྒར་འཛུད་བྱས་པའི་རིས་གཟུགས་དེ་ཤོག་ངོས་ཆ་ཚང་གི་རྒྱབ་ལྗོངས་སོགས་ཡང་ན་མིག་སྔའི་དུམ་མཚམས་ཀྱི་རྒྱབ་ལྗོངས་སུ་བཞག་དགོས་མིན་གཏན་འཁེལ་བྱས་ཆོག

འདྲ་ཕབ།

བདམས་ཟིན་པའི་ནང་དོན་དྲས་སྦྱར་པར་དུ་འདྲ་ཕབ་བྱ།

བསུབ་པ།

Deletes the current selection. If multiple objects are selected, all will be deleted. In most cases, a confirmation question appears before objects are deleted.

བསུབ་པ་བཀའ་ཚིག་ལག་བསྟར་བྱས་རྗེས་བྱ་ཡུལ་གྱིས་གོང་འོག་ནང་དོན་གྱི་འབྲེལ་བ་མི་འདྲ་བ་བལྟ་ཐུབ་ལ་ཡང་ན་མཁྲེགས་སྡེར་ཐོག་ནས་གསབ་པའམ་བྱ་ཡུལ་གྱི་མངོན་ཚད་གཞན་དུ་སྤོས་པ་ཙམ་ཡིན།

དྲས་སྦྱར་རི་མོའི་མཛོད་ནང་བཀའ་ཚིག་[བསུབ་པ་]ལ་རྐྱང་རྡེབ་བྱས་རྗེས་གཤར་བྱང་འདི་ཉིད་དྲས་སྦྱར་རི་མོའི་འཛོད་ནང་ནས་བརླག་པར་གྱུར་ འོན་ཀྱང་ཡིག་ཆ་དེ་ཉིད་སྔར་བཞིན་དྲས་སྦྱར་རི་མོའི་མཛོད་ནང་གནས།

ཁ་ཕྱེ།

ལ་བརྟེན་ནས་བཀའ་ཚིག་ཁ་ཕྱེ་ན་ལས་འགན་གསར་པ་ཞིག་ནང་བདམ་ཟིན་པའི་བྱ་ཡུལ་ཞིག་ཁ་ཕྱེ་ཆོག་

མིང་བསྐྱར་འདོགས།

བདམས་ཟིན་པའི་བྱ་ཡུལ་སྒུལ་སྤྱོད་ཀྱི་མིང་བསྐྱར་དུ་བཏགས་པ་མིང་བསྐྱར་འདོགས་ བདམས་རྗེས་མིང་དེ་ཉིད་གདེམ་ངེས་པའི་རྣམ་པར་གནས་ ཁྱེད་ཀྱིས་ཐད་ཀར་མིང་གསར་པ་ནང་འཇུག་བྱས་ཆོག་ མདའ་རྩེའི་མཐེབ་སྤྱད་ནས་འོད་རྟགས་དེ་མིང་གི་འགོ་མཇུག་གང་རུང་དུ་བཞག་ནས་ཡི་གེ་བསུབ་པའམ་ཁ་སྣོན་བྱེད་བདེ་ཡོང་ཡང་ན་འོད་རྟགས་དེ་གནས་གཞན་དུ་འཇོག

གསར་བརྗེས།

སྒེའུ་ཁུང་གསར་བརྗེ་སམ་བྱ་ཡུལ་ནང་གི་ཐད་མཐོང་དཔེ་རིས་བདམ་པ།

སྔོན་ལྟ།

དྲས་སྦྱར་རི་མོའི་མཛོད་ནང་བདམ་ཟིན་པའི་བྱ་ཡུལ་མངོན་ཚད་ཆེ་ཤོས་སུ་བཅོས་པ་ སྔོན་ལྟ་བྱ་ཡུལ་ལ་ཆ་རྡེབ་བྱས་རྗེས་དྲས་སྦྱར་རི་མོའི་མཛོད་ཀྱི་བྱ་ཡུལ་དེ་བསྐྱར་དུ་ཚད་ལྡན་གྱི་ཐད་མཐོང་དཔེ་རིས་ཀྱི་ཆེ་ཆུང་དུ་སླར་གསོ་ཐུབ།

ཐག་སྦྲེལ་གསར་འཛུགས།

བྱ་ཡུལ་བདམས་རྗེས་བཀའ་ཚིག་འདི་སྤྱད་ཆོག་ཐད་ཀར་བདམས་པའི་བྱ་ཡུལ་གནས་སའི་དཀར་ཆག་ནང་མིང་ལ་" xxx ཐག་སྦྲེལ་"ཟེར་བ་ (xxx བྱ་ཡུལ་གྱི་མིང་མཚོན་)

Please support us!