རླུང་གཡབ་དབྱིབས་བཟོ་བ་དང་སྒོར་ཆད་

འཇོང་སྒོར་ཡོ་བྱད་ཚང་འཇོང་སྒོར་དང་སྒོར་གྱི་ཡོ་བྱད་བཟོ་བ་སྤྱོད་པ་ཚུད་ཡོད། ཁྱེད་ཀྱིས་སྒོར་གཞུ་ འཇོང་སྒོར་གཞུ་དང་རླུང་གཡབ་དབྱིབས་བཟོ་ཐུབ།

འཇོང་སྒོར་རླུང་གཡབ་དབྱིབས་ཡང་ན་རླུང་གཡབ་དབྱིབས་བཟོ་བར་གོ་རིམ་ཁ་ཤས་དབྱེ་དགོས།

 1. འཇོང་སྒོར་ཡོ་བྱད་ཁ་ཕྱེ་བ་མ་ཟད་དེའི་ནང་ནས་འགའ་ཤས་ལ་རྐྱང་རྡེབ་ཀྱིས་སྒོར་རླུང་གཡབ་དབྱིབས་ཡང་ན་འཇོང་སྒོར་རླུང་གཡབ་དབྱིབས་རིས་རྟགས་ རིས་རྟགས་ཙིག་རྟགས་སྟོན་མདའ་རླུང་གཡབ་དབྱིབས་རིས་རྟགས་ཆུང་ངུ་ཁྱེར་བའི་རྒྱ་འགྲམ་དབྱིབས་ལ་འགྱུར།

 2. བསྐོར་བཞིན་པའི་གཡོན་མཐེབ་ཙིག་རྟགས་གནོན་རྡེབ་དང་དུས་མཚུངས་སྒོར་གཅིག་འདྲུད་འཐེན་བྱེད།

  དྲན་བརྡའི་རིས་རྟགས་

  ལྟེ་གནས་ནས་ཕྱིར་བརྒྱུད་ཙིག་རྟགས་འདྲུད་སྒུལ་བྱས་ཏེ་སྒོར་བཟོས་ གནོན་པ་དང་ ཆབས་ཅིག་ཙིག་རྟགས་འདྲུད་སྒུལ་བྱེད།


 3. དགོས་ངེས་ཀྱི་སྒོར་དབྱིབས་ཆེ་ཆུང་ཐོབ་པའི་རྗེས་བསྐོར་བཞིན་པའི་གཡོན་མཐེབ་ཙིག་རྟགས་གློད། ད་ཡོད་སྒོར་ནང་ཙིག་རྟགས་དང་མཉམ་དུ་སྤོ་སྒུལ་བྱེད་པའི་ཚང་ཕྱེད་གཅིག་ཐོན་སྲིད་ཀྱི་རེད།

 4. སྟོན་མདའ་ནི་རླུང་གཡབ་དབྱིབས་ཀྱི་མཐའ་གཅིག་གི་གནས་ས་བཟོ་བ་མ་ཟད་ཙིག་རྟགས་རྐྱང་རྡེབ་བྱེད།

  ཟུར་མཆན་རིས་རྟགས་

  སྟོན་མདའི་རྗེས་སྙེགས་པའི་ཚང་ཕྱེད་ཐིག་གིས་སྒོར་མཐའ་ལ་ཚད་བཀག་ཐུབ་ དེར་བརྟེན་ཡིག་ཚགས་ཀྱི་གནས་ས་གང་རུང་ཞིག་ལ་རྐྱང་རྡེབ་བྱ་ཆོག


 5. འདིའི་སྐབས་སྒོར་རླུང་གཡབ་དབྱིབས་ཀྱི་མཐའ་གཅིག་གཏན་འཁེལ་ཟིན་ ཙིག་རྟགས་དེ་སྒོར་རླུང་གཡབ་དབྱིབས་ཀྱི་མཐའ་གཉིས་པའི་གནས་ས་ལ་སྤོ་སྒུལ་བྱེད། བསྐྱར་དུ་བསྐོར་བཞིན་པའི་གཡོན་མཐེབ་ཙིག་རྟགས་རྐྱང་རྡེབ་རྗེས་སྒོར་རླུང་གཡབ་དབྱིབས་འདི་བཟོ་རྒྱུ་ལེགས་གྲུབ་ཟིན།

གཞུང་དབྱིབས་ཡང་ན་འཇོང་སྒོར་ཆད་བཟོས་ སྒོར་གཞིག་ཏེ་རླུང་གཡབ་འཛུགས་པའི་གོ་རིམ་བཀོལ་སྤྱོད་ལག་བསྟར་བྱེད།

འཇོང་སྒོར་གཞིག་ནས་སྒོར་གཞུ་བཟོས་ སྒོར་གཞུའི་རིས་རྟགས་གཅིག་འདེམས་སྒོར་གཞིག་ཏེ་རླུང་གཡབ་འཛུགས་པའི་གོམ་རིམ་བཀོལ་སྤྱོད་ལག་བསྟར་བྱེད།

D'oh! You found a bug (text/simpress/guide/line_draw.xhp#line_draw not found).

Please support us!