LibreOffice 24.8 Help
རིས་མཚོན་སྤྱད་ན་མངོན་པའི་གཞི་གྲངས་ལ་དེ་བས་ཐད་མཐོང་ཡོང་བར་བྱེད།
གློག་རྡུལ་རེའུ་མིག་ལ་བརྟེན་པའམ་ཡི་གེ་ལས་སྣོན་མིག་ནང་གི་གཞི་གྲངས་ཁུངས་ལ་བརྟེན་ནས་རིས་མཚོན་འཛུགས་ཆོག རིས་མཚོན་གཞི་གྲངས་ལ་བརྩིས་ནས་ཡིག་ཚགས་གཅིག་པའི་ནང་བཅུད་དུས་གཞི་གྲངས་དར་རྒྱུན་འཁྱོངས་ཀྱིས་ཐག་སྦྲེལ་བྱེད་ དེར་བརྟེན་ཁུངས་གཞི་གྲངས་བཟོ་བཅོས་བྱེད་དུས་རིས་མཚོན་རང་འགུལ་ངང་གསར་བརྗེད་བྱེད།
རྩ་གསུམ་རིས་མཚོན་དང་རྩ་གཉིས་རིས་མཚོན་(དཔེར་ན་ ནར་གཟུགས་རི་མོ་ སྟེབ་ཀྱོག་རི་མོ་ སྐར་དངུལ་རིན་གོང་རི་མོ་)སྣ་ཚོགས་ནང་འདེམས་ཆོག ཙིག་རྟགས་ལ་རྐྱང་རྡེབ་ཁ་ཤས་ཁོ་ན་བྱས་ན་ རིས་མཚོན་རིགས་བཟོ་བཅོས་བྱེད་ཐུབ།
གཡས་མཐེབ་ཀྱིས་རིས་མཚོན་གཞི་རྒྱུ་(དཔེར་ན་མདའ་ གཞི་གྲངས་མཚོན་བྱེད་དར་དཔེ་རིས་)ལ་རྐྱང་རྡེབ་བྱེད་པའམ་ ཡོ་བྱད་ཚང་གི་རིས་རྟགས་དང་ཐལ་ལོའི་བཀའ་ཚིག་སྤྱོད་ རིས་མཚོན་གཞི་རྒྱུ་ཁག་ལ་རང་མཚན་འཇོག་བྱས་ཆོག