ལས་ཁྲའི་ནང་གི་གཏག་པར་ཁྱབ་ཁོངས་མཚན་འཇོག

ཁྱེད་ཀྱིས་གློག་རྡུལ་རེའུ་མིག་ནང་གི་གཏག་པར་བྱ་རྒྱུའི་དྲ་མིག་ཁྱབ་ཁོངས་མཚན་འཇོག་ཐུབ།

ལས་ཁྲའི་ནང་མཚན་འཇོག་ལ་མ་ཚུད་པའི་གཏག་པར་ཁྱབ་ཁོངས་ཀྱི་དྲ་མིག་གཏག་པར་རམ་འདྲེན་སྟོན་མི་ཐུབ།

ཟུར་མཆན་རིས་རྟགས་

གཏག་པར་ཁོངས་མཚན་འཇོག་མེད་པའི་ལས་ཁྲ་གཏག་པར་བྱེད། གློག་རྡུལ་རེའུ་མིག་ PDF ཡིག་ཆར་འདྲེན་སྟོན་སྐབས་འདྲ་བའི་གནས་ཚུལ་ཐོན།


གཏག་པར་ཁྱབ་ཁོངས་མཚན་འཇོག

  1. གཏག་པར་བྱ་རྒྱུའི་དྲ་མིག་འདེམས་པ།

  2. རྣམ་གཞག་ - གཏག་པར་ཁྱབ་ཁོངས་ - མཚན་འཇོག་འདེམས་པ།

དྲ་མིག་དེ་གཏག་པར་ཁྱབ་ཁོངས་ནང་གསབ་སྣོན་བྱེད།

  1. ད་ཡོད་གཏག་པར་ཁྱབ་ཁོངས་ལ་གསབ་སྣོན་བྱ་རྒྱུའི་དྲ་མིག་འདེམས་པ།

  2. རྣམ་གཞག་ - གཏག་པར་ཁྱབ་ཁོངས་ - གསབ་སྣོན་འདེམས་པ།

གཏག་པར་ཁྱབ་ཁོངས་སུབ་དོར་བྱེད།

"ཤོག་ལྷེའི་སྔོན་ལྟ།"སྤྱད་ནས་གཏག་པར་ཁྱབ་ཁོངས་རྩོམ་སྒྲིག་བྱེད།

ཤོག་ལྷེའི་སྔོན་ལྟ།ནང་ གཏག་པར་ཁྱབ་ཁོངས་དང་ཤོག་དབྱེའི་ཁྱབ་ཁོངས་སྔོན་པོའི་མཐའ་སྒྲོམ་གྱིས་མཐའ་སྐོར་མ་ཟད་དཀྱིལ་དུ་ཐལ་མདོག་གི་ཤོག་ཨང་ཡོད། གཏག་པར་ཁོངས་མིན་པ་ནི་ཐལ་མདོག་རྒྱབ་ལྗོངས་ཡིན།

ཤོག་དབྱེའི་ས་ཁོངས་གསར་པ་མཚན་འཇོག་དགོས་ན་མཐའ་སྒྲོམ་གནས་ས་གསར་པ་འདྲུད་སྐྱེལ་དགོས་ ཤོག་དབྱེའི་ཁོངས་གསར་པ་མཚན་འཇོག་དགོས་ན་.རང་འགུལ་ཤོག་དབྱེའི་རྟགས་དེ་ལག་ཐོག་ཤོག་དབྱེའི་རྟགས་ཀྱིས་ཚབ་བརྗེ།

གཏག་པར་ཁྱབ་ཁོངས་འཚོལ་ཞིབ་དང་རྩོམ་སྒྲིག

  1. མཐོང་རིས་ - ཤོག་ལྷེའི་སྔོན་ལྟ་སྤྱོད་པ།

    དྲན་བརྡའི་རིས་རྟགས་

    ཤོག་ལྷེའི་སྔོན་ལྟ།ཁས་ལེན་མངོན་པའི་སྡུར་ཚད་བཟོ་བཅོས་དགོས་ན་གནས་སྟངས།ཚང་ནང་གི་བརྒྱ་ཆའི་སྡུར་ཐང་ལ་ཆ་རྡེབ་བྱེད་པ་མ་ཟད་མངོན་སྡུར་གསར་པ་འདེམས་པ།


  2. རྩོམ་སྒྲིག་གཏག་པར་ཁྱབ་ཁོངས།

    གཏག་པར་ཁྱབ་ཁོངས་ཀྱི་ཆེ་ཆུང་བཟོ་བཅོས་དགོས་ན་ ཁྱབ་ཁོངས་དེའི་མཐའ་སྒྲོམ་གནས་ས་གསར་པར་འདྲུད་སྐྱེལ་རོགས།

    ཟུར་མཆན་རིས་རྟགས་

    གཏག་པར་ཁྱབ་ཁོངས་ནང་གི་ལག་ཐོག་ཤོག་དབྱེའི་རྟགས་སུབ་དགོས་ན་ ཤོག་དབྱེའི་རྟགས་ཀྱི་མཐའ་སྒྲོམ་གཏག་པར་ཁྱབ་ཁོངས་ཀྱི་ཕྱི་རོལ་དུ་འདྲུད།


    གཏག་པར་ཁྱབ་ཁོངས་སུབ་དོར་དགོས་ན་ ཁྱབ་ཁོངས་དེའི་མཐའ་སྒྲོམ་དེ་ལྟོས་བཅས་ཀྱི་མཐའ་སྒྲོམ་འདྲུད་སྐྱེལ་རོགས།

  3. ཤོག་ལྷེའི་སྔོན་ལྟ།ཕྱིར་ཐོན་དགོས་ན་ མཐོང་རིས་ - ཤོག་ལྷེའི་སྔོན་ལྟ་འདེམས་རོགས།

Please support us!