ཟློས་མང་རྩིས་རྒྱག་ཉེར་སྤྱོད།

སྟར་རམ་ཕྲེང་ནང་ཟློས་མང་རྩིས་རྒྱག

The Data - Multiple Operations command provides a planning tool for "what if" questions. In your spreadsheet, you enter a formula to calculate a result from values that are stored in other cells. Then, you set up a cell range where you enter some fixed values, and the Multiple Operations command will calculate the results depending on the formula.

གལ་ཏེ་གཞི་གྲངས་ཁོངས་ནང་གི་གཞི་གྲངས་སྟར་རམ་ཕྲེང་ལ་གཞིགས་ནས་སྟར་སྒྲིག་བྱས་ན་ གཞི་གྲངས་ཁོངས་དང་དེའི་ཉེ་འགྲམ་ཡང་ན་འོག་གི་དྲ་མིག་ཡང་ན་དྲ་མིག་ཁོངས་ཆབས་ཅིག་བདམས་ནས་དམིགས་ཡུལ་ས་ཁོངས་བྱེད།སྟར།/ཕྲེང་།ཡིག་དུམ་ནང་གཞི་གྲངས་ཁོངས་ནང་དྲ་མིག་དང་པོའི་འདྲེན་སྤྱོད་འཇུག་དགོས།སྤྱི་འགྲོས།ཡིག་དུམ་ནང་ གཞི་གྲངས་ཁོངས་ནང་སྤྱི་འགྲོས་དྲ་མིག་གི་འདྲེན་སྤྱོད་འཇུག་དགོས།

དཔེ་གཞི།

གལ་ཏེ་ཁྱེད་ཀྱིས་རྩེད་ཆས་ཐོན་སྐྱེད་བྱེད་ཞིང་རྩེད་ཆས་སོ་སོའི་རིན་གོང་ $10དང་མ་རྩ་ $2ཡིན་ གཞན་ཡང་ལོའི་རེའི་གཏན་འཁེལ་མ་རྩ་ $10,000ཡིན་ན་ ལོ་གཅིག་ལ་རྒྱས་བཅད་རྩེ་ཆས་འགའ་ཞིག་ལྗརཙོང་སྐབས་ལོ་གཅིག་གི་ཁེ་བཟང་ག་ཚོད་ཡིན་ནམ།

what-if sheet area

སྤྱི་འགྲོས་གཅིག་དང་འགྱུར་ཚད་གཅིག་སྤྱད་ནས་རྩིས་རྒྱག་བྱེད།

  1. ཁེ་བཟང་རྩིས་ཆེད་སྔོན་ལ་གྲངས་ཀ་གང་རུང་ནང་འཇུག་བྱས་ནས་གྲངས་ཚད་(བཙོང་བའི་ཁ་གྲངས་)བྱས་ དཔེ་འདིའི་ནང་ 2000ཡིན། སྤྱི་འགྲོས་ ཁེ་བཟང་=གྲངས་ཚད་

  2. སྟར་ D ནང་རིམ་བཞིན་ལོའི་བཙོང་ཚད་འཇུག་དགོས་ དཔེར་ན་ 500 ཡིས་བར་གཅོད་ 500 ནས་ 5000

  3. ས་ཁོངས་ D2:E11ལ་བྲིས་རྟགས་དགོས་ཏེ་དེ་ཡང་སྟར་ D ནང་གི་གྲངས་ཐང་དང་དེའི་གཡས་ངོས་ཀྱི་སྟར་ E ནང་གི་དྲ་མིག་སྟོང་པ།

  4. གཞི་གྲངས་ - ཟློས་མང་རྩིས་རྒྱག་འདེམས་པ་

  5. འོད་རྟགས་སྤྱི་འགྲོས།ཡིག་དུམ་ནང་བཞག་ནས་ དྲ་མིག་ B5ལ་རྐྱང་རྡེབ་བྱེད།

  6. འོད་རྟགས་སྟར།ཡིག་དུམ་ནང་བཞག་ནས་ དྲ་མིག་ B4ལ་རྐྱང་རྡེབ་བྱེད། དེས་ སྤྱི་འགྲོས་ནང་འགྱུར་ཚད་ B4 (དེ་ཡང་གྲངས་ཚད་) ནི་བདམས་ཟིན་སྟར་གྲངས་ཐང་ཚབ་བྱེད་པ་མཚོན།

  7. "གཏན་འཁེལ།"གནོན་མཐེབ་རྐྱང་རྡེབ་བྱས་ནས་གླེང་སྒྲོམ་ཁ་རྒྱབ། ཁྱེད་ཀྱིས་སྟར་ E ནང་ཁེ་བཟང་ཐང་མཐོང་ཐུབ།

སྤྱི་འགྲོས་མང་པོ་ཆབས་ཅིག་ཏུ་སྤྱད་ནས་རྩིས་རྒྱག

  1. སྟར་སུབ་ E

  2. དྲ་མིག་ C5 ནང་འཇུག་པའི་སྤྱི་འགྲོས་ = B5 / B4གཅིག་བཙོང་བའི་ལོའི་ཁེ་བཟང་རྩི་རྒྱུ།

  3. D2:F11 ས་ཁོངས་འདེམས་ དེ་ཡང་3སྟར།

  4. གཞི་གྲངས་ - ཟློས་མང་རྩིས་རྒྱག་འདེམས་པ།

  5. འོད་རྟགས་དེ་སྤྱི་འགྲོས།ཡིག་དུམ་ནང་བཞག་ཅིང་དྲ་མིག་ B5 ནས་ C5སར་བྲིས་རྟགས་བྱེད།

  6. འོད་རྟགས་སྟར།ཡིག་དུམ་ནང་བཞག་ཅིང་དྲ་མིག་ B4ལ་རྐྱང་རྡེབ་བྱེད།

  7. "གཏན་འཁེལ།"ལ་རྐྱང་རྡེབ་བྱས་ནས་གླེང་སྒྲོམ་ཁ་བརྒྱབ། ཁྱེད་ཀྱིས་སྟར་ E ནང་ལོའི་ཁེ་བཟང་མཐོང་ཐུབ་ སྟར་ F ནང་རེ་རེའི་ལོའི་ཁེ་བཟང་མཐོང་།

ཕྲེང་དང་སྟར་གྱི་ཟློས་མང་རྩིས་རྒྱག

LibreOffice ཁྱེད་ཉིད་ལ་བསྣོལ་བའི་རེའུ་མིག་ནང་སྟར་དང་ཕྲེང་ལ་ཟློས་མང་རྩིས་རྒྱག་གི་བྱེད་ནུས་ལག་ལེན་བྱ་རྒྱུ་མཁོ་འདོན་བྱས། སྤྱི་འགྲོས་དྲ་མིག་ངེས་པར་དུ་སྟར་གཞིགས་པའི་གཞི་གྲངས་ཁོངས་དང་ཕྲེང་གཞིགས་པའི་གཞི་གྲངས་ཁུངས་ཆབས་ཅིག་འདྲེན་སྤྱོད་དགོས། གཞི་གྲངས་ཁོངས་འདི་གཉིས་ཀྱིས་ཚོད་འཛིན་བྱས་པའི་ཁོངས་འདེམས་ཞིང་ཟློས་མང་རྩིས་རྒྱག་གླེང་སྒྲོམ་ཁ་ཕྱེ། སྤྱི་འགྲོས།ཡིག་དུམ་ནང་སྤྱི་འགྲོས་འདྲེན་སྤྱོད་ནང་འཇུག་བྱེད། ཕྲེང་།ཡིག་དུམ་ནང་ཕྲེང་གཞིགས་ནས་སྟར་སྒྲིག་བྱས་པའི་ས་ཁོངས་ནང་གི་དྲ་མིག་དང་པོའི་འདྲེན་སྤྱོད་ནང་འཇུག་བྱེད་ སྟར།ཡིག་དུམ་ནང་སྟར་གཞིགས་སྟར་སྒྲིག་ས་ཁོངས་ནང་དྲ་མིག་དང་པོའི་འདྲེན་སྤྱོད་ནང་འཇུག་བྱེད།

འགྱུར་ཚད་གཉིས་སྤྱད་ནས་རྩིས་རྒྱག

གོང་གི་དཔེ་མཚོན་ལས་ཁྲའི་ནང་གི་སྟར་ A དང་སྟར་ B ལ་ལྟ་ཞིབ་བྱེད། ཁྱེད་ཀྱིས་ད་ལྟ་ལོའི་ཐོན་ཚད་ཀྱི་གྲངས་ཚད་དེ་འགྱུར་ཚད་བྱེད་པ་མ་ཟད་བཙོང་སྐབས་རིན་གོང་དེ་འགྱུར་ཚད་མ་རྩི་ནས་ཁེ་བཟང་བསམ་གཞིགས་བྱེད།

གོང་གི་དཔེ་མཚོན་ལས་ཕྲ་རྒྱ་བསྐྱེད། D2 ནས་ D11 ལ་གྲངས་ཀ་ 500དང་1000 མུ་མཐུད་ 5000བར་ཚུད་ཡོད། དྲ་མིག་ E1 ནས་ H1 ནང་གྲངས་ཀ་ 8དང་10 15 20འཇུག་རོགས།

  1. ས་ཁོངས་ D1:H11འདེམས་པ།

  2. གཞི་གྲངས་ - ཟློས་མང་རྩིས་རྒྱག་འདེམས་པ།

  3. འོད་རྟགས་སྤྱི་འགྲོས།ཡིག་དུམ་ནང་བཞག་ནས་ དྲ་མིག་ B5ལ་རྐྱང་རྡེབ་བྱེད།

  4. འོད་རྟགས་དེ་ཕྲེང་།ཡིག་དུམ་ནང་བཞག་ཅིང་དྲ་མིག་ B1ལ་རྐྱང་རྡེབ་བྱེད། དེས་ B1ནི་བཙོང་སྐབས་རིན་གོང་དང་འཕྲེད་ཕྱོགས་འགྱུར་ཚད་འཇུག་(ཐང་ནི་ 8དང་10、15 、 20)ཡིན།

  5. འོད་རྟགས་སྟར།ཡིག་དུམ་ནང་བཞག་ཅིང་ དྲ་མིག་ B4ལ་རྐྱང་རྡེབ་བྱས་ནས་ དེས་ B4 (གྲངས་ཚད་) ནི་དྲང་འཕྱང་ནང་འཇུག་གི་འགྱུར་ཚད་ཡིན་པ་མཚོན།

  6. གཏན་འཁེལ་གནོན་མཐེབ་རྐྱང་རྡེབ་ཀྱིས་གླེང་སྒྲོམ་ཁ་བརྒྱབ། ཁྱེད་ཀྱིས་ས་ཁོངས་ E2:H11 ནང་ཁེ་བཟང་ཐང་མཐོང་ཐུབ། སྐབས་འགར་ངེས་པར་དུ་སྔོན་ལ་མཐེབ་(F9)གནོན་ནས་ལས་ཁྲ་གསར་བཅོས་དགོས།

Please support us!