ལས་ཀའི་རེའུ་མིག་ HTML རྣམ་གཞག་གི་ཐོག་ནས་ཉར་ཚགས་དང་ཁ་ཕྱེ་བ།

ལས་ཀའི་རེའུ་མིག་ HTML

LibreOffice གློག་རྡུལ་རེའུ་མིག་ནང་ལས་དེབ་ཀྱི་ལས་ཀའི་རེའུ་མིག་ཡོད་དོ་ཅོག་ HTML ཡིག་ཚགས་ཤིག་ཏུ་ཉར་ཚགས་བྱ་རྒྱུ་དང་ HTML ཡིག་ཚགས་འདིའི་འགོར་རང་འགུལ་གྱིས་ཁ་བྱང་ཞིག་དང་ཆེས་ཐག་སྦྲེལ་རེའུ་འགོད་གཅིག་བསྣན་པས་དེ་ནི་ཡིག་ཚགས་ནང་གནས་ངེས་པའི་ལས་ཀའི་རེའུ་མིག་ཁག་ལ་སྤྱོད་དགོས།

ཨང་ཀིའི་ནང་འཇུག་དང་མངོན་ཚུལ་གཅིག་པ་ཡིན། གཞན་ཡང་ HTML ཤོག་བྱང་ ནང་ཡང་དག་པའི་ནང་ཁུལ་གྲངས་བྲིས་ཡོད་ དེ་ནི་ཁྱེད་ཀྱིས་ LibreOffice སྤྱད་ནས་ HTML ཡིག་ཚགས་ཁ་ཕྱེ་རྗེས་ཞིབ་ཕྲའི་གྲངས་ཐང་ཐོབ་ཕྱིར་ཡིན།

  1. མིག་སྔའི་ལས་དེབ་དེ་ HTMLཉར་ཚགས་བྱ་དགོས་ན་[ཡིག་ཆ།] - [གཞན་ཉར།...]འདེམས་ན་འགྲིག

  2. གཞན་ཉར་རིགས་ཀྱི་རེའུ་འགོད་སྒྲོམ་(ས་ཁོངས་འདིར་LibreOffice གློག་རྡུལ་རེའུ་མིག་འཚག་འདེམས་ཆས་གཞན་ཚུད་)"HTML ཡིག་ཚགས་(LibreOffice གློག་རྡུལ་རེའུ་མིག་)"ཀྱི་ཡིག་ཆའི་རིགས་འདེམས་དགོས།

  3. ཡིག་ཆའི་མིང་།ཞིག་ནང་འཇུག་དང་རྐྱང་རྡེབ་བྱས་ནས་ཉར་ཚགས་བྱ་དགོས་

ལས་ཀའི་རེའུ་མིག་ HTML ལ་བརྩིས་ནས་ཁ་ཕྱེ་རྒྱུ།

LibreOffice ཡིས་ HTML ཡིག་ཆ་ཁ་ཕྱེ་བའི་འཚག་འདེམས་ཆས་སྣ་ཚོགས་མཁོ་འདོན་བྱས་ཡོད་པས་ཁྱེད་ཀྱིས་ཡིག་ཆ་ - ཁ་ཕྱེ་བ་ནང་གི་གཞན་ཉར་རིགས་རེའུ་འགོད་སྒྲོམ་ནང་འདེམས་དགོས།

Please support us!