གྲངས་ཆ་ནང་འཇུག

ཁྱེད་ཀྱིས་དྲ་མིག་ནང་ཆ་གྲངས་ནང་འཇུག་བྱས་པ་དང་སྦྲགས་དེ་ཉིད་སྤྱད་ནས་རྩིས་རྒྱག་ཆོག

གལ་སྲིད་ "0 1/2" ནང་འཇུག་བྱས་ན་རང་འགུལ་དག་བཅོས་ཀྱིས་ཡིག་རྟགས་ཤིག་བེད་སྤྱད་ནས་ 1 / དང་ 2 བཅས་ཡིག་རྟགས་གསུམ་གྱི་ཚབ་བྱེད། འདི་ཉིད་ 1/4 དང་ 3/4ལའང་མཚུངས་པར་སྤྱོད། ཚབ་བརྗེའི་སྒྲིག་སྲོལ་ནི་ ཡོ་བྱད་ - རང་འགུལ་དག་བཅོས་ - ཚབ་བརྗེ་འདེམས་གཞིའི་ཁྭ་ནང་མཚན་འཇོག་བྱེད།

གལ་སྲིད་ དཔེར་ན་ "1/10"ལྟ་བུའི་གནས་མང་གྲངས་ཆ་མཐོང་དགོས་ན་ངེས་པར་དུ་དྲ་མིག་རྣམ་གཞག་ཉིད་གནས་མང་ཆ་གྲངས་ཀྱི་ཐད་མཐོང་དཔེ་རིས་སུ་བསྒྱུར་དགོས། དྲ་མིག་གི་གཡས་མཐེབ་ཚལ་ཐོ་ཁ་ཕྱེ་ནས་དྲ་མིག་རྣམ་གཞགའདེམས་དགོས། རིགས་དབྱེའི་ཡིག་དུམ་ནང་"ཆ་གྲངས།"བདམས་རྗེས་ "-1234 10/81"བདམས་ དེ་རྗེས་ཁྱེད་ཀྱིས་དཔེར་ན་ 12/31、12/32 ལྟ་བུའི་ཆ་གྲངས་ནང་འཇུག་བྱ་ཆོག འོན་ཀྱང་ཆ་གྲངས་འདི་དག་གིས་རང་འགུལ་དབྱེ་བགོད་བྱེད་དེར་བརྟེན་12/32 ཉིད་ 3/8དུ་མངོན།

Please support us!